ཨ་རི་དང་འཛམ་གླིང་དབུ་ཁྲིད་མང་པོས་༧པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་གནང་ཡོད་པ།
2020.05.26
ཐེངས་འདིའི་རང་དབང་གི་གླེང་སྟེགས་ལེ་ཚན་ནང་ཨ་མེ་རི་ཀའི་ཕྱི་སྲིད་དྲུང་ཆེ་Mike Pompeoམཆོག་དབུས་པའི་འཛམ་གླིང་གི་དབུ་ཁྲིད་དང་གྲོས་ཚོགས་འཐུས་མི་མང་པོས། རྒྱ་ནག་གཞུང་གིས་༧པཎ་ཆེན་སྐུ་ཕྲེང་༡༡་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་འཁྲིད་ཞུས་ནས་ལོ་ངོ་༢༥་འཁོར་བའི་དུས་དྲན་ཉིན། ཁོང་དང་ཡབ་ཡུམ་སྐུ་འཁོར་རྣམས་དང་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་གནང་བ་སོགས་ཀྱི་སྐོར། སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་ཕྱོགས་སྒྲིག་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།