བོད་རིགས་ཤིག་གིས་སིན་སིན་ནཱཊི་གྲིང་ཁྱེར་གྱི་སྤྱི་ཁྱབ་ཀྱི་ཐུགས་འགན་བཞེས་པ་ནི་བཙན་བྱོལ་ནང་ཐོག་མ་དེ་ཆགས་ཡོད་པ།

བོད་རིགས་ཨ་རི་བ་ཨཕ་ཏཱབ་པུར་ཝལ་ལགས་ཀྱིས་ཨ་རིའི་མངའ་སྡེ་ཨོ་ཧཱཡོའི་སིན་སིན་ནཱཊི་གྲོང་ཁྱེར་སྤྱི་ཁྱབ་པའི་ཐུགས་འགན་བཞེས་ཡོད་པ་དེ་ནི་བཙན་བྱོལ་ལོ་རྒྱུས་ནང་ཐོག་མ་དེ་ཆགས་ཡོད་པ་རེད།
བོད་རིགས་ཨ་རི་བ་ཨཕ་ཏཱབ་པུར་ཝལ་ལགས་ཀྱིས་ཨ་རིའི་མངའ་སྡེ་ཨོ་ཧཱཡོའི་སིན་སིན་ནཱཊི་གྲོང་ཁྱེར་སྤྱི་ཁྱབ་པའི་ཐུགས་འགན་བཞེས་ཡོད་པ་དེ་ནི་བཙན་བྱོལ་ལོ་རྒྱུས་ནང་ཐོག་མ་དེ་ཆགས་ཡོད་པ་རེད། (ཨཕ་ཏཱབ་པུར་ཝལ་ལགས།)

0:00 / 0:00

བོད་དང་རྒྱལ་སྤྱིའི་གནས་བབ་ཅེས་པའི་ལེ་ཚན་ནང་། བོད་རིགས་ཨ་རི་བ་ Aftab Pureval ལགས་སྔར་ལོ་ཨ་རིའི་ Ohio མངའ་སྡེའི་ Cincinnati ཡི་གྲོང་ཁྱེར་སྤྱི་ཁྱབ་པའི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་སྟེ་གྲོང་ཁྱེར་སྤྱི་ཁྱབ་པའི་འགན་ཁུར་བཞེས་མུས་ཡིན་པ་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། བཙན་བྱོལ་ནང་ཡོད་པའི་བོད་རིགས་གཞན་ཚོས་མིག་དཔེ་ཡར་ལྟོས་ཀྱིས་དེ་འདྲ་གནང་ཐུབ་ན། བོད་དོན་ལ་ཕན་ཐོགས་ངེས་ཅན་ཡོང་ངེས་ཡིན་པའི་སྐོར་ཨ་རིའི་གྲོང་ཁྱེར་New York གི་གྲོང་སྡེ་ལས་ཁུངས་ནང་ཕྱག་ལས་གནང་མཁན་བསྟན་འཛིན་ཚེ་དབྱངས་ལགས་ཀྱིས་འདི་གའི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་སུ་གསུངས་བ་ཞིག་གསན་རོགས་ཞུ།།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག