ཐར་མོ་ཧྥི་ཤར་ཞེས་པ་ཚན་རྩལ་ཁང་དེས་བོད་ནང་རིགས་རྫས་བསྡུ་ལེན་གྱི་འཕྲུལ་རིག་ཡོ་ཆས་ཚོང་སྒྱུར་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ།
2024.01.08

ཐར་མོ་ཧྥི་ཤར་ཞེས་པའི་ཨ་རིའི་ Massachusetts མངའ་ཁུལ་གྱི་སྦོསི་ཊོན་ཁུལ་དུ་རྟེན་གཞི་བྱས་པའི་ཚན་རྩལ་ཁང་གིས་བོད་ནང་རིགས་རྫས་བསྡུ་ལེན་གྱི་འཕྲུལ་རིག་ཡོ་ཆས་ཚོང་སྒྱུར་བྱེད་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ་རེད། བདུན་རེའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། ཐག་གཅོད་འདིའི་གལ་གནད་དང་ ༢༠༢༢ ལོར་སྙན་ཐོ་ཐོན་པ་བཞིན་རྒྱ་ནག་གཞུང་གིས་བོང་ནད་རིགས་རྫས་བསྡུ་ལེན་བྱེད་པའི་རྒྱ་གཞུང་གི་ཡིག་ཆ་ཁག་ཕྱིར་ཐོན་པའི་ནང་ཐར་མོ་ཧྥི་ཤར་ཚན་རྩལ་ཁང་གི་སར་ནས་འཕྲུལ་རིག་ཡོ་ཆས་མཁོ་སྒྲུབ་ཞུས་པ་གསལ་ཡོད་པ་བཅས་ཀྱི་ཐད། བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་དཔྱད་གཞིའི་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག་དང་བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག