ཆབ་སྲིད་ཀྱི་གནད་དོན་གླེང་སློང་གནང་རྒྱུར་གཡོལ་ཐབས།


2014.03.20
ཨ་རིའི་སྲིད་འཛིན་ཨོ་བྷ་མའི་ལྕམ་Michelle Obamaརྒྱ་ནག་ལ་འབྱོར་སྐབས། ༢༡༠༤།༣།༢༠ ཨ་རིའི་སྲིད་འཛིན་ཨོ་བྷ་མའི་ལྕམ་Michelle Obamaརྒྱ་ནག་ལ་འབྱོར་སྐབས། ༢༡༠༤།༣།༢༠
པར། AFP

ཨ་རིའི་སྲིད་འཛིན་གྱི་ལྕམ་རྒྱ་ནག་ནང་འཚམས་གཟིཊ་གནང་རིང་ཆབ་སྲིད་ཀྱི་གནད་དོན་གླེང་སློང་གནང་རྒྱུར་གཡོལ་ཐབས་གནང་གི་ཡོད་འདུག
དེ་ཡང་གནས་ཚུལ་ལྟར་ན། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་ལྕམ་Michelle Obamaགཟའ་ཕུར་བུའི་ཉིན་རྒྱ་ནག་དུ་ཆེད་ཕེབས་ཀྱིས་དུས་ཡུན་གཟའ་འཁོར་གཅིག་རིང་རྒྱ་ནག་ནང་འཚམས་གཟིགས་གནང་རྒྱུ་ཡིན་ཞིང་། དེའི་རིང་པེ་ཅིན་སློབ་གྲ་ཆེན་མོའི་སློབ་ཕྲུག་ཚོར་གསུང་བཤད་གནང་རྒྱུ་དང་། དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་ཤིའི་ཨན་དང་། ཁྲིན་ཏུར་ཡང་ཕེབས་འཆར་ཡོད་པ་དང་། ད་རེས་ལྕམ་Michelle དང་ལྷན་དུ་ཁོང་གི་སྐྱེས་མ་དང་། བོུ་གཉིས་ཕེབས་རོགས་སུ་ཡོད་པ་རེད། གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་གྱི་ལྕམ་Michelle Obama དང་རྒྱ་ནག་གི་སྲིད་འཛིན་ཞིའི་ཅིན་ཕུན་གྱི་ལྕམ་བང་ལིས་ཡོན་དང་ཐུག་འཕྲད་གནང་རྒྱུ་ཡིན་པ་དང་། པེ་ཅིན་སློབ་གྲ་ཆེན་མོའི་ཆབ་སྲིད་དང་ཚན་རིག་སྡེ་ཚན་གྱི་དགེ་རྒན་ཝང་ཏུང་གིས། ད་རེས་རྒྱལ་ཁབ་གཉིས་པོའི་སྲིད་འཛིན་གྱི་ལྕམ་གཉིས་ཐུག་འཕྲད་བརྒྱུད་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་ཡར་རྒྱས་འགྲོ་རྒྱུར་བཟང་ཕྱོགས་ཀྱི་རྣམ་པ་ཞིག་བསྐྲུན་ཐུབ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པའི་དགོངས་ཚུལ་གསུང་འདུག དེའི་གོང་གི་ཨ་རིའི་སྲིད་འཛིན་ཁ་ལིན་ཀྲོན་དང་། བྷུའུ་ཤིའི་རྣམ་གཉིས་ཀྱི་ལྕམ་རྒྱ་ནག་ནང་ཕེབས་པའི་སྐབས་རྒྱ་ནག་ནང་གི་ཆབ་སྲིད་གནས་སྟངས་དང་། འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་གླེང་སློང་གནང་མྱོང་ཡོད་པ་རེད། འོན་ཀྱང་ད་རེས་སྲིད་འཛིན་Obama ཡི་ལྕམ་Michelle Obama ཡིས་རྒྱ་ནག་ནང་འཚམས་གཟིགས་གནང་རིང་། གཙོ་བོ་སློབ་གསོ་དང་། རིག་གཞུང་སྤེལ་རེས་ཀྱི་གནད་དོན་ཐོག་ཐུགས་ཁུར་གནང་རྒྱུ་ཡིན་ལུགས་དང་། ལྕམ་Michelleཡིས་ཁོ་རང་སྒེར་གྱི་ལོ་རྒྱུས་དང་ཉམས་མྱོང་ཐོག་ནས་ཨ་རིའི་རིན་ཐང་དང་ཁྱད་ཆོས་སྐོར་གཟའ་འཁོར་རྗེས་མའི་གཟའ་མིག་དམར་ཉིན་རྒྱ་ནག་གི་ཁྲེན་ཏུ་གྲོང་ཁྱེར་གྱི་སློབ་གྲ་ཞིག་ཏུ་གཏམ་བཤད་གནང་རྒྱུ་ཡིན་པའི་སྐོར་འབྲེལ་ཡོད་ཨ་རིའི་དཔོན་རིགས་ནས་གསུང་འདུག
གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎