བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་རྒྱ་ནག་ལ་ཡིག་འབྲེལ་ཕྱོཊ་བསྒྲིཊ།


2014.03.05
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་འདུའི་ཚོགས་རའི་རྣམ་པ། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་
པར། AFP

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་རྒྱ་ནག་ལ་ཡིག་འབྲེལ་ལན་མང་གནང་བ་ཁག་ཕྱོགས་བསྒྲིགས་ཀྱི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག
དེ་ཡང་གྲོང་ཁྱེར་Genevaའི་ནང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐངལྷན་ཚོགས་ཐེངས་༢༥པ་དེ་འཚོགས་གནང་རྒྱུའི་གྲ་སྒྲིག་གནང་བཞིན་ཡོད་པའི་གོང་། ཕྱི་ཟླ་༢པའི་ཚེས་༢༤ཉིན་རྒྱལ་ཚོགས་ཀྱི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་གི་དམིགས་བསལ་སྐུ་ཚབ་རྣམ་པས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་ཡོད་པའི་ཡིག་འབྲེལ་ལན་མང་གནང་བ་ཁག་ཕྱོགས་བསྒྲིགས་ཀྱི་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དང་། གོང་ཞུས་རྒྱ་གཞུང་ལ་གནང་བའི་ཡིག་འབྲེལ་དེ་ཚོ་༢༠༡༣ལོའི་ཕྱི་ཟླ་༦པའི་རྗེས་བཏང་གནང་བ་དེ་འདྲ་ཡིན་པར་། ཡིག་འབྲེལ་གནང་མཁན་དེ་རྣམས་རྒྱལ་ཁབ་སོ་སོའི་ནང་འགྲོ་བ་མིའི་ཐོབ་ཐང་ཐད་སློབ་སྟོན་དང་སྐྱོན་བརྗོད་སོགས་གནང་ཆོག་པའི་ཆེད་ལས་མཁས་པ་དེ་འདྲ་ཡིན་པ་རེད།
སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་། ཆོས་དད་རང་དབང་། སྲོག་ཁྲིམས་དང་། བུད་མེད་ལ་མནར་གཅོད་སྡུག་སྦྱོང་བཏང་བའི་བྱ་སྤྱོད་ལ་རྟོགས་ཞིབ་གནང་མཁན་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམ་པས། ༢༠༡༣ལོའི་ཕྱི་ཟླ་༧པའི་ཚེས་༢༢ཉིན་རྒྱ་ནག་ལ་ཡིག་འབྲེལ་གནང་བའི་ནང་། ལོ་དེའི་ཕྱི་ཟླ་༧པའི་ཚེས་༦ཉིན་བོད་རྟའུ་ཁུལ་གྱི་ཉི་མཚོ་དགོན་པའི་དགེ་འདུན་པ་དང་། དགེ་ལྡན་ཆོས་གླིང་བཙུན་དགོན་གྱི་བཙུན་མ། དེ་བཞིན་བོད་མི་མང་པོ་འདུ་འཛོམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པའི་སྐབས་རྒྱ་མིའི་དཔུང་དམག་གིས་བོད་མིའི་ཁྲོད་མེ་མདའ་བརྒྱབ་པ་དང། དུག་རླངས་གཏོར་བ་སོགས་བྱས་ནས་བོད་མི་༡༡ཙམ་ལ་རྨས་སྐྱོན་དང་གཉིས་ལ་ཚབས་ཆེའི་རྨས་སྐྱོན་ཕོག་ཡོད་པ་མ་ཟད། བོད་མི་༡༤རྒྱ་མིས་འཛིན་བཟུང་གིས་ཉེས་རྡུང་ཚད་མེད་བཏང་ནས་རྗེས་སུ་གློད་བཀྲོལ་བཏང་ཡོད་སོགས་གནས་ཚུལ་འདྲ་མིན་ཐད་ཐེར་འདོན་གནང་ཡོད་པ་རེད།   
གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎