ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་སྲིད་འཛིན་མཇལ་འཕྲད།


2014.02.14
ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་སྐབས། ༢༠༡༤།༢།༡༤ ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་སྐབས། ༢༠༡༤།༢།༡༤
པར། AFP

ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་ཀྱིས་གནད་དོན་ཁག་ཅིག་གི་ཐོག་གྲོས་མོལ་གནང་ཡོད་པ་རེད།
དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་John Kerry མཆོག་དེ་རིང་ཚེས་༡༤ཉིན་པེ་ཅིན་ལ་ཕེབས་འབྱོར་གྱིས་རྒྱ་ནག་གི་སྲིད་འཛིན་Xi Jinping དང་། རྒྱ་ནག་མི་མང་ཚོགས་ཁང་ཆེན་མོའི་ནང་མཇལ་འཕྲད་གནང་ཡོད་པ་དང་། དེ་ནས་ཕྱི་སྲིད་བློན་ཆེན་Wang Yi དང་མཇལ་འཕྲད་གནང་སྟེ་རྒྱ་ནག་དང་། ཉི་ཧོང་Manila བར་རྩོད་རྙོག་ཅན་གྱི་མཚོ་གླིང་སྐོར་གྲོས་མོལ་གནང་ཡོད་པ་རེད། རྒྱ་ནག་དང་ཉི་ཧོང་Manilaབཅས་བར་མཚོ་གླིང་གི་བདག་དབང་ཐོག་རྩོད་རྙོག་ཆེ་བའི་སྐབས་ཨ་མི་རི་ཀའི་ཆེས་མཐོའི་དཔོན་རིགས་ཤིག་རྒྱ་ནག་ནང་གཞུང་འབྲེལ་འཚམས་འདྲིའི་གཟིགས་སྐོར་གནང་བ་དེ་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ཏུ་རྩིས་ཡོད་པ་རེད། ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerry མཆོག་དང་། རྒྱ་ནག་གི་དཔོན་རིགས་ཚོ་མཇལ་འཕྲད་སྐབས་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་འགོག་ཐབས་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་ནས་ཀྱང་མཉམ་ལས་རོགས་འདེགས་གནང་དགོས་པའི་འབོད་སྐུལ་ནན་པོ་ཞུས་གནང་ཡོད་པ་རེད་།   
གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎