འཇར་མན་ནེ་རྒྱལ་ཡོངས་ཀྱིས་བོད་ཀྱི་རྒྱལ་དར་སྒྲེང་འཛུཊ་གནང་རྒྱུ།


2014.03.03
༢༠༡༠ལོར་འཇར་མན་ནེ་ནང་བོད་ཀྱི་རྒྱལ་དར་བསྒྲེངས་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱེད་བཞིན་པ། འཇར་མན་ནེ་རྒྱལ་ཡོངས་ཀྱིས་བོད་ཀྱི་རྒྱལ་དར་སྒྲེང་འཛུཊ་གནང་རྒྱུ།
པར། TID

ད་ལོ་གསུམ་བཅུའི་དུས་དྲན་ཉིན་འཇར་མན་ནེ་གཞུང་གི་ལས་ཁུངས་དང་གྲོང་སྡེ་ལྷན་ཁང་གི་སྟེང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་ཡིན་པ་རེད།
དེ་ཡང་Tibet Initiative Deutschlandཞེས་པའི་འཇར་མན་བོད་དོན་སྣེ་ཁྲིད་ཚོགས་པས་བོད་དོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་ཤིག་ཞེས་པའི་ལས་འགུལ་ལ་
རྒྱབ་སྐྱོར་ཞུ་ཕྱིར། འཇར་མན་ནང་གི་གྲོང་སྡེ་ལྷན་ཁང་ཁག་གིས་གསུམ་བཅུའི་དུས་དྲན་ཉིན་གཞུང་གི་ལས་ཁང་སྟེང་བོད་ཀྱི་རྒྱལ་དར་སྒྲེང་འཛུག་གནང་ནས། བོད་མི་ཚོའི་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་གནང་རྒྱུའི་བརྡ་སྟོན་གསལ་པོ་ཞིག་ད་ལྟའི་དུས་ཚོད་དེར་སྟོན་གནང་རྒྱུ་གལ་ཆེན་ཡིན་སྐོར་TIDཚོགས་པའི་རྒྱུན་ལས་ཚེ་དབང་ནོར་བུ་ལགས་ཀྱིས་གསུང་འདུག ཁོང་གིས་གསུངས་དོན། ད་བར་བོད་ནང་བོད་མི་༡༢༧ཙམ་གྱིས་རྒྱ་གཞུང་གིས་བོད་ཐོག་དབང་བསྒྱུར་ལ་ངོ་རྒོལ་མཚོན་བྱེད་རང་ལུས་མེར་བསྲེགས་བཏང་གནང་བར་TID ཚོགས་པར་བློ་ཚབས་ཆེན་པོ་ཡོད་པ་དང། རྒྱ་གཞུང་གིས་བོད་ཐོག་དྲག་གནོན་དེ་ཙམ་བྱེད་མིན་ལ་མ་ལྟོས་པར་རྒྱལ་སྤྱིའི་ཡུལ་ཁག་ཚོས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་མིར་རྒྱ་ནག་བསྐོ་གཞག་བྱས་ཡོད་པ་མ་ཟད། ཉེ་དུས་Spainགཞུང་གིས་རྒྱ་མིའི་གནོན་ཤུགས་ལ་མགོ་སྒུར་ནས་Spain ཁྲིམས་ཁང་གིས་རྒྱ་ནག་གི་འགོ་ཁྲིད་ཟུར་པ་ཁག་ལ་ཁྲིམས་གཅོད་བྱ་རྒྱུའི་ཐག་གཅོད་ལ་ཁས་ལེན་མ་གནང་བར་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་འགྱུར་བ་གཏོང་རྩིས་གནང་བཞིན་པའི་གནད་དོན་དེ་ཚོ་ནི། རྒྱལ་སྤྱིའི་དམངས་གཙོའི་ལམ་ལུགས་ལ་རྒྱ་ནག་གིས་ཐེ་བྱུས་བྱས་པར་རྒྱལ་ཁ་ཐོབ་བཞིན་
ཡོད་པའི་རྟགས་མཚན་གསལ་པོ་རེད་ཅེས་སྐྱོན་བརྗོད་གནང་འདུག
འཇར་མན་ནེ་ནང་གི་གྲོང་ཁྱེར་ཁག་གི་གཞུང་འབྲེལ་ལས་ཁང་སྟེང་གསུམ་བཅུའི་
དུས་དྲན་ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུའི་ལས་འགུལ་གྱི་འབྲེལ་མཐུད་པ་Anna Momburg Vanderpool ཡིས་འཇར་མན་གྲོང་ཁྱེར་ཁག་གིས
བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་རྣམ་འགྱུར་ལ་གཟིགས་ནས། ཟླ་བ་འདིའི་ཟླ་མཇུག་རྒྱ་ནག་གི་སྲིད་འཛིན་Xi Jinping གྲོང་ཁྱེར་Berlinནང་ལྟ་སྐོར་ལ་འབྱོར་་སྐབས། སྲིད་འཛིན་ལྕམ་Angela Merkelམཆོག་གིས་རྒྱ་ནག་སྲིད་འཛིན་ཞི་ལ་བོད་ནང་གི་དཀའ་རྙོག་སེལ་ཐབས་སུ་རྒྱ་གཞུང་གིས་བོད་མིའི་མཉམ་ཐད་ཀར་གྲོས་མོལ་བྱ་དགོས་རྒྱུའི་སྐུལ་མ་གནང་དགོས་སྐོར་གསུང་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎