ཧྥ་རན་སིའི་དོན་རྐྱེན་དང་རྒྱལ་སྤྱིའི་རྒྱབ་སྐྱོར།
2015.01.23
༄༅། །ཐེངས་འདིའི༼གངས་ལྗོངས་གླེང་སྟེགས༽ནང་དུ། ཧྥ་རན་སིའི་རྒྱལ་སར་ཆཱར་ལེ་སི་དོན་རྐྱེན་བྱུང་རྗེས། འཛམ་གླིང་རྒྱལ་ཁབ་ལྔ་བཅུ་ལྷག་གི་དབུ་ཁྲིད་འཛོམས་པའི་མི་དམངས་འབུམ་བདུན་ལྷག་གིས་དྲག་སྤྲོད་ལ་ངོ་རྒོལ་དང་སྨྲ་བརྗོད་རང་དབང་ལ་རྒྱབ་སྐྱོར་མཚོན་པའི་ཞི་ བའི་གོམ་བགྲོད་ཆེན་མོ་སྤེལ་ཡོད་པ་དང་། སྨྲ་བརྗོད་རང་དབང་ལ་རྒྱབ་སྐྱོར་མཚོན་པའི་གོམ་བགྲོད་ལས་འགུལ་དེ་དང་། དེའི་ནང་། འཛམ་གླིང་འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་གི་དབུ་ཁྲིད་རྒྱལ་ཁབ་ཨ་མེ་རི་ཀའི་དབུ་ཁྲིད་མཐོ་གྲས་གཅིག་ཀྱང་ལས་འགུལ་དེའི་ནང་ཞུགས་མེད་པ་དང་། དེ་བཞིན་རྒྱ་ནག་གི་དབུ་ཁྲིད་ཀྱང་ཞུགས་མེད་པ། དེ་མིན་ཆོས་ལུགས་དད་མོས་དང་སྨྲ་བརྗོད་རང་དབང་གི་འབྲེལ་བ། སྨྲ་བརྗོད་རང་དབང་ལ་མ་མཐའི་ཚད་ཐིག་ཅིག་ཡོད་མེད་ལ་སོགས་པའི་ཐད་བགྲོ་གླེང་བྱེད་རྒྱུ་ཡིན།
གསར་འགོད་པ་སྟག་ལྷ་རྒྱལ།