ཡུ་ནན་ཞིང་ཆེན་ལི་ཅང་གྲོང་ཁྱེར་ནས་རྒྱལ་ཐང་བར་རི་ལིའི་ལྕགས་ལམ་འཛུགས་སྐྲུན་བྱེད་བཞིན་པ།

རྒྱ་ནག་གིས་བོད་ལ་དབང་བསྒྱུར་བརྟན་དུ་གཏོང་བའི་ཐབས་བྱུས་དང་བོད་འདི་རྒྱ་མི་རིགས་གནས་སྤོ་བྱ་ཡུལ་དུ་བསྒྱུར་བའི་སྲིད་བྱུས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཊི་བྷེ་ཊེན་རེ་ཝིཡུ།

རྒྱ་ནག་གྱི་ཡུ་ནན་ཞིང་ཆེན་ལི་ཅང་གྲོང་ཁྱེར་ནས་བོད་ཀྱི་མཐའ་མཚམས་རྒྱལ་ཐང་བར་ཕུག་ལམ་བཟོ་སྐྲུན་བྱེད་དེ་རི་ལིའི་ལྕགས་ལམ་འཛུགས་སྐྲུན་བྱེད་བཞིན་པ་འདི་ནི་གནད་དོན་དབྱེ་ཞིབ་པས་བརྗོད་དོན་ལྟར་ན། རྒྱ་ནག་གིས་བོད་ལ་དབང་བསྒྱུར་བརྟན་དུ་གཏོང་བའི་ཐབས་བྱུས་དང་བོད་འདི་རྒྱ་མི་རིགས་གནས་སྤོ་བྱ་ཡུལ་དུ་བསྒྱུར་བའི་སྲིད་བྱུས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ནང་གི་དཔལ་འབྱོར་དང་འཛུགས་སྐྲུན་ཐད་དམིགས་བཀར་ཉམས་ཞིབ་གནང་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རིག་སྨོན་ཚེ་རིང་བསམ་གྲུབ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org