དབྱར་རྩྭ་དགུན་འབུ།


2016.06.24
དབྱར་རྩ་དགུན་འབུ་བརྐོ་བའི་དུས་སུ་བོད་ནང་རྩ་སའི་འཁྲུག་རྩོད་ཀྱི་གནས་ཚུལ་ཐོན་བཞིན་པ།
ཊམྦ་ལར།

ལོ་ཤས་གོང་རིན་ཆེན་གསེར་གྱི་དོ་ཟླར་གྱུར་བའི་དབྱར་རྩྭ་དགུན་འབུའི་རིན་གུང་ན་ནིང་དོ་ཚུགས་སུ་མར་ཆག་ཡོད་པ་དང་། དེ་ནི་སྤྱིར་ན་རྒྱ་ནག་གི་དཔལ་འབྱོར་ཉམས་གུད་དང་འབྲེལ་བ་ཐད་ཀར་ཡོད་ལ་དགོས་སུ་ཞི་ཅིན་ཕེང་གི་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་དང་ཡང་འབྲེལ་བ་ཡོད།  དབྱར་རྩྭ་དགུན་འབུ་ནི་བོད་མི་མང་ཆེ་བ་དང་དེ་བཞིན་བོད་ཁུལ་དུ་གནས་སྡོད་རྒྱ་རིགས་དང་ཁ་ཆེ་མི་རིགས་སོགས་ཀྱི་ལོ་རེའི་ཡོང་སྒོ་གཙོ་བོ་དེ་ཡིན།  དབྱར་རྩྭ་དགུན་འབུའི་རིན་གུང་མར་ཆག་པས་བོད་མིའི་འཚོ་བར་ཤུགས་རྐྱེན་ཡོད་མེད་དང་།  དབྱར་རྩྭ་དགུན་འབུ་ལོ་མང་རིང་བསྟུད་མར་སློག་པ་དེས་འབྲོག་པའི་རྩྭ་ས་དང་ཁོར་ཡུག་ལ་གནོན་སྐྱོན་ཡོད་མེད།  ཡང་དབྱར་རྩྭ་དགུན་འབུ་འཐུ་ཞོར་དུ་ཁོར་ཡུག་སྲུང་སྐྱོང་བྱེད་སྲོལ་ཅི་ཞིག་ཡོད་པ་ལ་སོགས་པའི་ཐད་བགྲོ་གླེང་བྱེད་རྒྱུ་ཡིན།
སྐུ་མགྲོན།
འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་དབྱར་རྩྭ་དགུན་འབུ་རྐོ་བ་དང་ཚོང་ལས་བྱེད་མྱོང་བའི་བོད་ནང་གི་བོད་མི་གུང་དཀར་ངེས་དོན་ལགས་དང་།
ཨུ་རུ་སའི་བྷུར་ཡ་ཏི་རུ་གསོ་རིགས་ཀྱི་ལས་ཀ་གཉེར་གྱིན་པའི་སྐལ་བཟང་རྡོ་རྗེ་ལགས་རྣམ་པ་གཉིས་ཡིན།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎