བོད་ས་ཧྲིལ་པོར་སྔར་ལས་ལྷག་པའི་དམ་དྲག་ཆེ་བ་བྱེད་བཞིན་པ།


2018.09.28
བོད་ས་ཧྲིལ་པོར་སྔར་ལས་ལྷག་པའི་དམ་དྲག་ཆེ་བ་བྱེད་བཞིན་པ། ཞི་ཅིན་ཕིང་གིས་རྒྱ་ནག་གི་སྲིད་དབང་བཟུང་བའི་འདས་པའི་ལོ་ལྔའི་རིང་། བོད་ས་ཧྲིལ་བོར་སྔར་ལས་ལྷག་པའི་དམ་དྲག་གི་སྲིད་ཇུས་བཟུང་ཡོད་པ།
ཨེ་ཨེཕ་པི།

༄༅།།ཐེངས་འདིའི༼ གངས་ལྗོངས་གླེང་སྟེགས༽ ཀྱི་ནང་དུ། ཞི་ཅིན་ཕིང་གིས་རྒྱ་ནག་གི་སྲིད་དབང་བཟུང་བའི་འདས་པའི་ལོ་ལྔའི་རིང་། བོད་ས་ཧྲིལ་བོར་སྔར་ལས་ལྷག་པའི་དམ་དྲག་གི་སྲིད་ཇུས་བཟུང་ཡོད་པ་དང་། སྲིད་ལུགས་ཀྱི་ཆ་ནས་རྒྱ་ནག་གི་དབུ་ཁྲིད་སྔོན་མ་ཚོའི་སྲིད་ལུགས་དང་མ་འདྲ་བའི་རྣམ་པ་གསར་བ་ཞིག་ཤར་ཡོད་པ་རེད། ད་ལྟའི་ཞི་ཅིན་ཕེང་གི་དབང་ཆའི་དཀྱིལ་འཁོར་དང་ཁོང་གི་ཉེ་འཁོར་ཏུ་བོད་ཁུལ་དང་བོད་པའི་འགྲོ་འདུག་སྤྱོད་གསུམ་ལ་རྒྱུས་མངའ་ཆེ་བའི་མི་འགའ་བསླེབས་ཡོད་པས། མི་དེ་ཚོས་ཞི་ཅིན་ཕེང་གི་བོད་ཀྱི་སྲིད་ཇུས་ལ་ཤུགས་རྐྱེན་ཐེབས་མིན་སོགས་ཀྱི་ཐད་ཉམས་ཞིབ་པ་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་རྒྱ་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་ཟུར་བ་སངས་རྒྱས་སྐྱབས་ལགས་དང་མཉམ་དུ་སྟག་ལྷ་རྒྱལ་གྱིས་བགྲོ་གླེང་བྱས་པར་ཉན་རོགས༎

གསར་འགོད་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎