རྒྱལ་སྤྱིའི་ཆོས་དད་རང་དབང་ཐད་ཀྱི་ཨ་རིའི་ལོ་འཁོར་སྙན་ཐོ།
2014.07.29

༄༅༎རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐད་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པའི་སྐོར་ཕྱི་ཟླ་ ༧ ཚེས་ ༢༨ ཉིན་བཏོན་པའི་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༣ ལོའི་རྒྱལ་སྤྱིའི་ནང་གི་ཆོས་དད་རང་དབང་ཐད་ཀྱི་ལོ་འཁོར་གྱི་སྙན་ཐོའི་ནང་བཀོད་འདུག།
ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ John Kerry འི་མཚན་ཐོག་ནས་སྤེལ་བའི་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་བརྩི་བཀུར་དང་སྲུང་སྐྱོབ་ཀྱི་གནས་བབ་སྐྱོ་བོའི་ངང་གནས་ཡོད་པར་མ་ཟད། བོད་མི་ཚོའི་ཆོས་ཕྱོགས་ཉམས་ལེན་གྱི་བྱེད་སྒོའི་ཐོག་ཡོངས་ཁྱབ་ཀྱི་ཐོག་ནས་དམ་བསྒྲགས་ཆེན་ པོ་བྱེད་བཞིན་ཡོད་པ་བཀོད་ཡོད་པ་དང་། རྒྱ་ནག་གཞུང་གི་བྱ་སྤྱོད་དེ་དག་གིས་བོད་མི་ཚོར་དཀའ་སྡུག་གཏིང་གཟབ་བཟོ་བཞིན་ ཡོད་པ་བརྗོད་འདུག། ལྷག་པར་དུ་ཁ་ས་ལོ་འཁོར་གྱི་སྙན་ཐོ་འདོན་སྤེལ་གནང་པའི་སྐབས་ཀྱི་གསར་འགོད་ ལྷན་ཚོགས་དེའི་སར་ཕྱི་སྲིད་དྲུང་ཆེ་ ཇོན་ཀེ་རི་མཆོག་གིས་བོད་ནང་གི་བོད་མི་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ པར་ཉར་ཚགས་བྱེད་པ་ཙམ་གྱིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་བཞིན་ཡོད་པ་གསལ་ བཏོན་གནང་འདུག།
ད་དུང་སྙན་ཐོ་དེའི་ནང་བོད་མི་གནས་ཡུལ་གྱི་ས་གནས་ཁག་ཏུ་བོད་མི་ཚོའི་ཆོས་ལུགས་ཀྱི་ངོ་བོའི་ཐོག་ནས་ལས་རིགས་དང་། ཚོང་ལས། འགྲིམ་འགྲུལ་སོགས་ཀྱི་བྱ་གཞག་སྤེལ་སྐབས་བོད་མི་ཚོར་མཐོང་ཆུང་དང་དབྱེ་འབྱེད་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་ཅེས་དང་། ཨ་མི་རི་ཀའི་གཞུང་གི་ངོས་ ནས་རྒྱ་ནག་གཞུང་ལ་གླེང་སྟེགས་འདྲ་མིན་ཐོག་བོད་མིའི་ཆོས་དད་རང་དབང་ལ་བརྩི་ བཀུར་དགོས་པ་དང་། ཆོས་ལུགས་དར་སྤེལ་དང་ཉམས་ལེན་གྱི་ལས་གཞིར་བཀག་འགོག་མི་བྱེད་པའི་འབོད་བསྐུལ་ ཞུ་བཞིན་ཡོད་པར་མ་ཟད། ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གཞུང་ལ་རྒྱ་ནག་གཞུང་ནས་༧གོང་ས་༧སྐྱབས་མགོན་ ཆེན་པོ་མཆོག་གམ་གང་ཉིད་ཀྱི་༧སྐུ་ཚབ་དང་ལྷན་དུ་དོན་ཕན་སོན་པའི་གྲོས་མོལ་གནང་ དགོས་པའི་འབོད་སྐུལ་ཞུས་པ་དང་དུས་མཚུངས། བོད་མིའི་ཐོུང་མ་ཡིན་པའི་ཆོས་ལུགས་དང་རིག་གཞུང་། སྐད་ཡིག་བཅས་པར་ཉེན་ཁ་བཟོ་བཞིན་པའི་སྲིད་ཇུས་ཁག་ལ་བསམ་ཞིབ་བྱེད་དགོས་ཤིང་། སྲིད་ཇུས་འདི་རིགས་ནི་བོད་མི་ཚོའི་སེམས་ནང་དཀའ་སྡུག་བཟོ་བའི་རྒྱུ་རྐྱེན་ གཙོ་བོའི་གྲས་ཡིན་པ་རེད་ཅེས་ཨ་མི་རི་ཀའི་གཞུང་གིས་སྙན་ཐོ་དེའི་ནང་གསལ་འདུག།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།