མགོ་ལོག་ཁུལ་པདྨ་རྫོང་དུ་བོད་མི་ཚོས་༧སྐུ་ཕྱྭའི་ཞབས་རིམ་བསྒྲུབས་ཡོད་པ།
2016.02.13

༄༅། །རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པད་མ་རྫོང་ངྷི་མདའ་དགོན་པའི་དགེ་འདུན་པ་གཙོས་ལྷ་སྡེ་འཚོ་བ་དགུའི་མི་དམངས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་༧སྐུའི་སྨན་བཅོས་འཕྲོད་བཞེས་ཆེད་ཆིབས་བསྒྱུར་སྐྱོང་གནང་མཛད་པ་དང་བསྟུན། ༧རྒྱལ་བའི་༧སྐུ་ཕྱྭའི་ཞབས་རིམ་རྒྱ་ཆེ་བསྒྲུབས་ཡོད་པ་བོད་ནས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་ཀུན་བཟང་བསྟན་འཛིན།