རྒྱ་ནག་གི་རྣམ་འགྱུར་ལ་བརྡ་ལེན།


2015.11.12
ཤིན་ཧ་གསར་ཁང་ནང་བཏོན་པའི་བོད་སྐོར་གྱི་དེབ་ཡིག་ཆ་དཀར་པོ།
ཤིན་ཧ་གསར་ཁང་།

༄༅།    །ད་ལོར་བསྟུད་མར་བཀྲམས་པའི་བོད་སྐོར་གྱི་དེབ་རྒྱབ་ཤོག་དཀར་པོ་ཅན་ཟེར་བ་གཉིས་དང་། རྒྱ་ནག་དབུས་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་ཐེངས་དྲུག་པ་སོགས་ཀྱི་ནང་དོན་ལ་གཞིགས་ན། རྒྱ་ནག་དབུས་གཞུང་གིས་བོད་དོན་ཐད་ཀྱི་སྲིད་ཇུས་ལ་འགྱུར་བ་བཏང་ཡོད་མེད་དང་། དེ་བཞིན་ཉེ་ལམ་རྒྱ་ནག་གཞུང་འབྲེལ༼གོ་ལའི་དུས་བབས་༽ཟེར་བའི་ཆེད་བརྗོད་རྩོམ་ཡིག་བཏོན་ནས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མི་ལོ ༢༠འི་རིང་འཇིན་རྟེན་ཉི་མའི་འོག་མི་རྒྱུན་ལྡན་ནང་བཞིན་འཚོ་བ་རོལ་མི་ནུས་པར་གནོད་འཚེ་གཏོང་མཁན་དེ་ཏཱ་ལའི་རུ་ཚོགས་ཡིན་པ་ལས་རྒྱ་ནག་གཞུང་མིན་ལུགས་བརྗོད་ཡོད་པ་དང་། ཡང་ཀྲུང་གོ་བོད་ལྗོངས་དྲྭ་བ་ཟེར་བར་དམིགས་བསལ་གནས་ཚུལ་རྐྱང་བཀོད་ཀྱིས་བོད་ཀྱི་བདག་དབང་དང་སྲིད་དབང་། ནང་ཁུལ་ལས་དོན་རིགས་ཏཱ་ལའི་རུ་ཚོགས་དང་མཉམ་དུ་གྲོས་མོལ་མི་བྱེད་ཅེས་ཁ་ཚོད་བཅད་ནས་བཀོད་ཡོད་པ་མ་ཟད། རང་གཞུང་གི་སྲིད་ཇུས་དབུ་མའི་ལམ་ལ་ཁ་བྲལ་གྱི་གོམ་པ་དང་པོ་ཞེས་ངོ་བོ་ངོས་འཛིན་གྱིས་ཡང་བསྐྱར་ནན་བཤད་བྱས་ཡོད་པ་སོགས་ལས་གསལ་བ་ཞིག་ནི། རྒྱ་གཞུང་གིས་མ་འོངས་པའི་ལོ་ཤས་ནང་བོད་དོན་ཐད་ཀྱི་སྲིད་ཇུས་དང་རྣམ་འགྱུར་གསལ་བོར་བཏོན་ཡོད་པ་འདྲ། དེ་འདྲ་ཡིན་ཚེ། ང་ཚོས་དེ་ལ་བརྡ་ལན་ཞིག་སྤྲོད་དགོས་མིན་དང་རྣམ་འགྱུར་ཅི་ཞིག་འཛིན་དགོས་པ་སོགས་ཀྱི་ཐད་བགྲོ་གླེང་བྱེད་རྒྱུ་ཡིན།
དེ་རིང་གི་གདན་ཞུ་སྐུ་མགྲོན་ནི།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཚེ་རིང་རྒྱལ་ལགས་དང་།  
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་རྒྱ་སྐད་སྡེ་ཙན་གྱི་རྩོམ་སྒྲིག་པ་ཟུར་སངས་རྒྱས་སྐྱབས་གཉིས་ཡིན།


གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎