བོད་ནང་གི་དགོན་སྡེ་ཁག་གིས་ཏོག་དབྱིབས་ནད་དུག་ཕོག་ཡུལ་དུ་རོགས་དངུལ་གནང་བ།
2020.02.05

རྒྱ་ནག་ཝུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་དུག་རིམས་ནད་ཀྱི་དབང་གིས་མི་འབོར་ས་ཡ་༡༡ ཡོད་པའི་རྒྱ་ནག་ཝུ་ཧན་གྲོང་ཁྱེར་དུ་ད་སྐབས་མི་རྣམས་ཟས་རིགས་ཀྱི་དཀའ་ངལ་དང་རིམས་ནད་སྔོན་འགོག་ཆེད་ཁ་རས་དང་ཡོ་ཆས་སོགས་མི་འདང་བའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་དུས་སྐབས་འདིར། བོད་ནང་གི་བོད་ཀྱི་དགོན་སྡེ་ཁག་གིས་ཏོག་དབྱིབས་ནད་འབུ་གསར་བ་ཐོན་ཁུལ་རྒྱ་ནག་ཝུའུ་ཧན་གནོད་ཐེབས་ཁུལ་ལ་རོགས་དངུལ་གནང་བའི་སྐོར། འདི་གའི་གསར་འགོད་པ་བློ་བཟང་དགེ་ལེགས་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།།