ཚོང་པ་བསྟན་འཛིན་ཆོས་འཕེལ་ལགས་ལ་རྒྱལ་ཁབ་ཁ་བྲལ་སོགས་ཀྱི་ཉེས་མིང་འོག་མི་ལོ་༡༨ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ།
2022.08.06
དེ་སྔ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ཡུན་རིང་གར་སོང་ཆ་མེད་དུ་གྱུར་བའི་བོད་ཀྱི་ནག་ཆུ་ས་ཁུལ་ཤག་རོང་རྟ་ཆེན་ཡུལ་ཚོ་ལྔ་པ་སྲ་ཁུ་གྲོང་ནས་ཡིན་པའི་ཚོང་པ་བསྟན་འཛིན་ཆོས་འཕེལ་ལགས། སྤྱི་ལོ་༢༠༡༩ཟླ་༥ཚེས་༢༤ཉིན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་གཞིའི་ལས་ཀར་མཐུན་འགྱུར་དང་། རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར། དེ་བཞིན་རྒྱལ་ཁབ་ཁ་བྲལ་སོགས་ཀྱི་ཉེས་མིང་འོག་མི་ལོ་༡༨ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་སྐོར་ཚེ་དབང་ནོར་བུ་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག