མི་ལོ་སུམ་ཅུའི་རྗེས་སུ་ཕ་མ་སྤུན་མཆེད་ཚོར་ཐུག་པའི་ཚོར་སྣང་།
2017.05.19

གངས་ལྗོངས་གླེང་སྟེགས་ཀྱི་ལེ་ཚན་ནང་།
རང་ཡུལ་དང་ཁ་བྲལ་ནས་མི་ཡུལ་གཞན་གྱི་ལུང་བར་མི་ལོ་སུམ་ཅུའི་རིང་བཙན་བྱོལ་གྱི་འཚོ་བ་རོལ་རྗེས་ཕ་ཡུལ་བོད་ལ་གཉེན་འཕྲད་དུ་བསྐྱོད་མཁན་ཞིག་དང་། དེ་བཞིན་མི་ལོ་བཅུའི་རིང་བཙན་བྱོལ་གྱི་འཚོ་བ་རོལ་རྗེས་ཕ་ཡུལ་བོད་དུ་གཉེན་འཕྲད་དུ་བསྐྱོད་མཁན་མི་སྣ་གཉིས་དང་མཉམ་དུ་གླེང་མོལ་ཞུས་ཡོད།
བརྗོད་གཞི།
མི་ལོ་སུམ་ཅུའི་རྗེས་སུ་ཕ་མ་སྤུན་མཆེད་ཚོར་ཐུག་པའི་ཚོར་སྣང་དང་། བོད་ནང་གི་བོད་མི་ཚོའི་འཚོ་གནས་ལ་འགྱུར་ལྡོག་འགྲོ་བཞིན་པ་དེའི་དགེ་སྐྱོན། དེ་བཞིན་བོད་ནང་གི་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ཐད་ཀྱི་གནས་སྟངས་དང་། རྒྱ་ནག་གཞུང་གིས་ཕྱི་སྡོད་བོད་མི་ཚོའི་ཐོག་འཛིན་པའི་སྲིད་ཇུས་སོགས་ཀྱི་ཐད་གླེང་མོལ་ཞུས་ཡོད།
སྐུ་མགྲོན།
མི་ལོ་སུམ་ཅུའི་རིང་བཙན་བྱོལ་གྱི་འཚོ་བ་རོལ་རྗེས་ཕ་ཡུལ་ལ་བོད་གཉེན་འཕྲད་དུ་བསྐྱོད་མཁན་ཝི་རྗེ་ནེ་ཡའི་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་བཞིན་པའི་བསྟན་འཛིན་ཐོས་བསམ་ལགས་དང་།
མི་ལོ་བཅུའི་རིང་བཙན་བྱོལ་གྱི་འཚོ་བ་རོལ་རྗེས་ཕ་ཡུལ་བོད་དུ་གཉེན་འཕྲད་དུ་བསྐྱོད་མཁན་རྒྱ་གར་རྡ་རམ་ས་ལར་ཡོད་པའི་མཁའ་མོ་སྐྱིད།