བོད་ནང་གི་ཁོར་ཡུག་གནས་བབས།
2022.06.11
འཛམ་གླིང་གོ་ལའི་དྲོད་ཚད་དང་གནམ་གཤིས་འགྱུར་ལྡོག་གི་གནས་བབས་ཐོག་ནས་བོད་མཐོ་སྒང་གི་ས་བབ་ཁོར་ཡུག་འདི་གཉན་འཕྲང་ཅན་ཞིག་དང་གོ་ལའི་སྟེང་དུ་དཀའ་ངལ་ཆེ་ཤོས་ཀྱི་ས་ཚིགས་ཤིག་ཏུ་ཉམས་ཞིབ་པ་ཚོས་ངོས་ལེན་བྱེད་ཀྱི་ཡོད་ཅིང་། བོད་ཀྱི་ཁོར་ཡུག་ལ་ཉམས་རྒུད་ཇི་ཙམ་སོང་བ་དེ་ཙམ་གྱིས་ཨེ་ཤེ་ཡ་དང་། གཤམ་འོག་གི་རྒྱལ་ཁབ་ཁག་ལའང་དཀའ་ངལ་འཕྲད་གཞིར་གྱུར་བས་གནད་འགག་ཅན་ཆགས་ཡོད་པ་ཁོར་ཡུག་ཉམས་ཞིབ་པ་ཚོས་བརྗོད་ཀྱི་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། འཛམ་གླིང་ཁོར་ཡུག་ཉིན་མོ་དང་བསྟུན། བོད་ནང་གི་ཁོར་ཡུག་གནས་བབས་ཐད་ཉམས་ཞིབ་པ་ཞིག་དང་ལྷན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག