ཀྲུའུ་ཝེ་ཆོན་ཚོས་བོད་དོན་ལས་དོན་ལ་བཏང་འཛིན་བྱས་སྐབས།


2017.03.17
ཀྲུའུ་ཝེ་ཆོན་ཚོས་བོད་དོན་ལས་དོན་ལ་བཏང་འཛིན་བྱས་སྐབས། ཀྲུའུ་ཝེ་ཆོན་ཚོས་བོད་དོན་ལས་དོན་ལ་བཏང་འཛིན་བྱས་སྐབས།
འདྲ་བཤུས།

ཐེངས་འདིའི   ༼    གངས་ལྗོངས་གླེང་སྟེགས༽   ནང་དུ།  ཀྲུའུ་ཝེ་ཆོན་ཚོས་བོད་དོན་ལས་དོན་ལ་བཏང་འཛིན་བྱས་རིང་། བོད་རྒྱ་འབྲེལ་མོལ་ཐེངས་བཅུ་ལ་
གནང་ཡང་དོན་འབྲས་ཅི་ཡང་མེད་པར་མཚམས་ཆད་པ་རེད། གཉིད་རྫུ་བྱེད་མིར་བསླངས་ནས་མི་སད་ཅེས་པའི་དཔེ་ལྟར། ཀྲུའུ་ཝེ་ཆོན་གྱིས་མཚོན་པའི་རྒྱ་གཞུང་ལ་སྤྱིར་ན་བོད་དོན་སེལ་རྒྱུའི་འདོད་མོས་མེད་ན། བོད་ཕྱོགས་སུ་ལྷག་བསམ་ག་ཚོད་ཅིག་ཡོད་ཀྱང་ངལ་བ་འབྲས་མེད་རང་ཡིན།   ཀྲུའུ་ཝེ་ཆོན་ཚོས་བོད་དོན་སེལ་རྒྱུ་ཕར་ཤོག དེ་ལས་ལྡོག་སྟེ ༧སྤྱི་ནོར༧གོས་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཞི་མེད་མཚན་དམོད་དང་། བོད་མི་རིགས་ལ་དམའ་འབེབས། བོད་མི་རིགས་ཞེན་ཅན་ཚོར “རྒྱལ་ཁབ་ཁ་བྲལ་རིང་ལུགས་པར” བསྙད་ནས་འབུར་བཅོམ་སོགས་བྱ་སྤྱོད་ངན་རིགས་སྤེལ་ནས་བོད་དོན་སེལ་རྒྱུར་གཏོར་བརླག་ཚབས་ཆེན་བཟོས་པའི་མ་ཚད། བོད་རྒྱ་མི་རིགས་བར་འགལ་ཟླ་ཆེན་པོ་བཟོས་ཡོད་པ་རེད། ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་ནང་དུ་སྐབས་སུ་བབ་པའི་གོང་ཞུས་གནས་སྟངས་དེ་དག་གི་ཐད་འབྲེལ་ཡོད་ཆེད་མཁས་པ་དང་མཉམ་དུ་བགྲོ་གླེང་ཞུ་རྒྱུ་ཡིན།

གདན་ཞུ་སྐུ་མགྲོན།
ད་ལྟ་ཡོ་རོབ་སི་པན་དུ་བཞུགས་པའི་བཙན་བྱོལ་བོད་མའི་སྒྲིག་འཛུགས་ཕྱི་འབྲེལ་ལས་ཁུངས་རྒྱ་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་ཟུར་བ་སངས་རྒྱས་སྐྱབས་ལགས་དང་།
འདི་ག་རླུང་འཕྲིན་ཁང་གི་བསམ་བློ་དཔྱད་གཞི་ཞེས་པའི་ལེ་ཚན་གཙོ་སྐྱོང་མཁན་ཀ་བཙན་བླ་མ་སྐྱབས་ལགས་གཉིས་ཡིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎