བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་བསྟན་འཛིན་ཆོས་འཕེལ་གར་སོང་ཆ་མེད།


2020.05.16
བསྟན་འཛིན་ཆོས་འཕེལ་ལགས། བསྟན་འཛིན་ཆོས་འཕེལ་ལགས།
བོད་འབྱོར།

དེ་རིང་གི་བོད་ཀྱི་ཁོར་ཡུག་ཞེས་པའི་ལེ་ཚན་ནང་། རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་རིག་གཞུང་དོན་གཉེར་གནང་མཁན་ཚོང་པ་བསྟན་འཛིན་ཆོས་འཕེལ་ཞུ་བ་ཞིག་བཙན་དབང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་ཁོང་གི་སྐོར་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཀོད་སྤེལ་མི་ཆོག་པའི་བཀའ་བཏང་ཡོད་པ་རེད། དེ་བཞིན་དེའི་གོང་དུ་ཡང་བོད་མདོ་སྨད་མགོ་ལོག་ཁུལ་གྱི་བོད་མི་ཨ་ཉ་སེང་སྒྲ་ལགས་ཀྱིས་ས་གནས་སུ་ཁོར་ཡུག་སྲུང་སྐྱོབ་དང་། ས་གནས་དཔོན་རིགས་ཀྱི་ལྐོག་ཟ་རུལ་སུངས་སོགས་ཀྱི་གནས་ཚུལ་ཐེར་འདོན་བྱས་པར་བརྟེན་ལོ་བདུན་གྱི་རིང་བཙོན་འཇུག་བྱས་ཡོད་པ་དང་། ཡང་བོད་ནང་ཁམས་གོ་འཇོ་ནས་ཡིན་པའི་བོད་ཀྱི་ཚོང་དཔོན་ཆེན་མོ་ཀརྨ་བསམ་འགྲུབ་ལགས་ལ་མི་ལོ་༡༥བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་སོགས་ཀྱི་སྐོར་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎