ཁ་བྲལ་ལ་ངོ་རྒོལ་གྱི་ལས་འགུལ་ནང་མང་ཚོགས་ཞུགས་དགོས་པའི་སྐུལ་སློང་བྱ་དགོས་པ།
2021.01.02

སངྒྷི་ལིའུ།
༄༅།།ཐེངས་འདིའི་གསར་འགྱུར་དཔྱད་གཏམ་གྱི་ལེ་ཚན་ནང་། ཉེ་ཆར་ལྷ་སར་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་བོད་ལྗོངས་ཡན་ལག་ཚོགས་འདུ་སྐོང་ཚོགས་བྱས་པའི་ཐོག་བོད་ཀྱི་འབྲོག་པའི་ས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་གཙོ་གནད་དུ་རྩིས་ཏེ་བརྟན་ལྷིང་རང་འགུལ་ཡོང་བ་བྱ་རྒྱུ་དང་།ཁ་བྲལ་ལ་ངོ་རྒོལ་གྱི་ལས་འགུལ་ནང་མང་ཚོགས་ཞུགས་དགོས་པའི་སྐུལ་སློང་བྱ་དགོས་པ་སོགས་ལག་བསྟར་བྱ་དགོས་པའི་དོན་ཚན་ལྔ་བཏོན་པའི་ནང་དོན་ཐད་གཡུ་སྒྲོན་ལགས་ཀྱིས་བོད་རྒྱ་ནག་གི་གནད་དོན་དབྱེ་ཞིབ་ཀུན་དགའ་བཀྲིས་ལགས་སུ་དགོངས་ཚུལ་བཀའ་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་གཡུ་སྒྲོན།