དྲག་རྡུང་ཚ་ནན་གྱི་ལས་འགུལ་སྤེལ་བཞིན་པ།


2018.05.11
རྒྱ་ནག་གི་རྒྱལ་སྟོན་སྐབས་ལྷ་སར་དམ་བསྒྲགས། རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གསང་བའི་པར་ཆས་བཙུགས་ཡོད་པའི་འདྲ་པར།
འོད་ཟེར་ལགས་ཀྱི་ངོ་དེབ།

༄༅།། ཐེངས་འདིའི༼ གངས་ལྗོངས་གླེང་སྟེགས༽ཀྱི་ནང་དུ།   དེང་གི་ཆར་འདིར། རྒྱ་ནག་གཞུང་གིས་ནག་གཤེད་སྟོབས་ཤུགས་ཐེར་འདོན་དང་གསང་མྱུལ་འཛིན་བཟུང་ལ་སོགས་པར་བསྙད་པའི་དྲག་རྡུང་ཚ་ནན་གྱི་ལས་འགུལ་ཟེར་བ་ཞིག་བོད་ཁུལ་དུ་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་པ་དང་། ལས་འགུལ་དེས་བོད་ཀྱི་ཤེས་ལྡན་མི་སྣའི་སྡེ་དང་། གཞུང་དང་ལྟ་སྤྱོད་ཐ་དད་ཅན། མི་རིགས་ལ་དགའ་ཞེན་དང་དུང་ཞེན་ཅན་སོགས་དམིགས་འབེན་དུ་བཟུང་ནས་རྡུང་རྡེག་ནན་མོ་བྱེད་བཞིན་པ་མ་ཟད། མི་རིགས་ནང་ཁུལ་འགལ་བ་བཟོས་ནས་བོད་མིའི་ཆིག་སྒྲིལ་དང་འཆམ་མཐུན་ལ་གཏོར་བརླག་བརྒྱུད་བོད་ཀྱི་སྤྱི་ཚོགས་དབྲལ་བཞིག་ཏུ་གཏོང་བཞིན་པའི་སྐོར་བོད་དོན་མཉམ་ཞིབ་པ་ད་ལྟ་ཡོ་རོབ་སི་པན་ན་བཞུགས་པའི་བོད་མི་སྒྲིག་འཛུགས་ཕྱི་དྲིལ་ལྷན་ཁང་རྒྱ་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་ཟུར་བ་སངས་རྒྱས་སྐྱབས་ལགས་དང་མཉམ་དུ་སྟག་ལྷ་རྒྱལ་གྱི་བགྲོ་གླེང་ཞུས་པ་གསན་རོགས་གནང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎