བོད་ནང་གི་བོད་མི་ཚོའི་ཆེད་གདུང་སེམས་མཉམ་སྐྱེད།
2022.10.03
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་བའི་བོད་ཀྱི་ས་ཁུལ་ཁག་ནང་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ནང་ལྷུངས་པའི་བོད་མི་ཚོའི་ཆེད་དུ་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་དང་། བཀའ་ཤག་གི་གཙོས་ཚོགས་པ་དང་དགོན་སྡེ་། སྤྱི་སྒེར་སོགས་ནས་གདུང་སེམས་མཉམ་སྐྱེད་དང་སྒྲོལ་མའི་ཟུངས་སྔགས་སོགས་གསོག་བསྒྲུབ་གནང་བཞིན་ནད་ཡམས་མྱུར་དུ་ཞི་བའི་སྨོན་ལམ་གསོལ་འདེབས་གང་ཐུབ་གནང་བཞིན་ཡོད་པའི་སྐོར་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།