བོད་ནང་དུ་བོད་མི་ཚོར་སྐད་ཡིག་དང་རིག་གཞུང་གི་རང་དབང་།
2020.06.06
ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་རྒྱ་ནག་ཐོག་གདོང་ལེན་ཆེད་མནའ་སྦྲེལ་ཚོགས་པ་ཞིག་བཙུགས་པ་འདི་མཉམ་སྦྲེལ་ལས་དོན་འགོ་འཛུགས་ཡག་པོ་ཞིག་ཏུ་ངོས་འཛིན་གནང་བ་དང་སྦྲགས། བོད་ནང་དུ་བོད་མི་ཚོར་སྐད་ཡིག་དང་རིག་གཞུང་གི་རང་དབང་ལྡན་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཡོང་ཐབས་སུ་ཤུགས་བསྐྱོན་རྒྱུ་འདི་བོད་དོན་ཐོག་ནས་གལ་ཆེ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གསུངས་འདུག བཀྲིས་དབང་ཕྱུག་ལགས་ཀྱིས་གནས་ཚུལ་ཞིབ་ཕྲ་སྙན་སྒྲོན་ཞུ་གི་རེད།