སྤྲུའི་སྐུའི་གསོ་སྤྱོང་འཛིན་གྲྭ་ཟེར་བའི་ཚོགས་པ།
2020.09.19
ཟི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་སྤྲུའི་སྐུའི་གསོ་སྤྱོང་འཛིན་གྲྭ་ཟེར་བའི་ཚོགས་པ་དེས་གཙོ་བོར་མ་འོངས་༧གོང་ས་མཆོག་གི་ཡང་སྲིད་རྒྱ་གཞུང་གིས་ངོས་འཛིན་བྱེད་དགོས་ཞེས་བརྗོད་ཀྱི་ཡོད་ཅེས་གནད་དོན་དབྱེ་ཞིབ་པས་དབྱེ་ཞིབ་བྱས་པར་ཆོས་སྐྱིད་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པར་གསན་རོགས་ཞུ།