བོད་ནང་གསུམ་བཅུའི་དུས་དྲན་གྱི་སྔ་ཕྱི་བར་གསུམ་དུ་དམ་དྲག
2019.03.15
འདི་ལོའི་གསུམ་བཅུའི་དུས་དྲན་ཀྱི་དུས་ཚིགས་དང་བསྟུན། རྒྱ་ནག་གཞུང་ནས་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་ས་ཁུལ་ཁག་ཏུ་དམ་དྲག་བྱེད་བཞིན་ཡོད་པས་མ་ཚད། སྤྱི་ཟླ་གསུམ་པའི་ནང་རེབ་གོང་ཁུལ་གྱི་སློབ་གྲྭ་ཁག་དུ་ཉིན་མཚན་བསྟུད་མར་དགེ་རྒན་དང་ལས་བྱེད་ཚོས་སློབ་མ་རྣམས་ལ་ལྟ་སྲུང་བྱེད་བཞིན་ཡོད་པ་རེད།