བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར།

2024.03.01
བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར།
ཨ་རིའི་རྒྱལ་ཡོངས་གྲོས་ཚོགས།

ཨ་མ་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་ཚང་འཛོམས་ཀྱི་གྲོས་ཚོགས་ཐོག་ཕྱི་ཟླ་༢ཚེས་༡༥ཉིན་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་གཏན་འབེབས་བྱུང་ཐུབ་པ་ཡོད་པ་དང་།ཁྲིམས་འཆར་དེ་བཞིན་རིམ་པའི་གྲོས་ཚོགས་གོང་མར་བསླེབས་ནས་གཏན་འབེབས་ཐུབ་ཚེ་།མཐར་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་འགོད་རྗེས་ཁྲིམས་ཆགས་ནས་གཞུང་གིས་ལག་བསྟར་བྱེད་དགོས་ཀྱི་ཡོད་འདུག དེ་རིང་ཁ་བའི་གྲོས་རྭའི་ལེ་ཚན་ནང་ཁྲིམས་འཆར་དེའི་ནང་དོན་ཁག་སྣོན་འཕྲི་སྤོར་གཅོག་ཇི་ལྟར་བྱས་ཡོད་མིན་ཞིབ་ཚགས་ངང་ནས་དབྱེ་ཞིབ་དང་དེ་བཞིན་དིང་སྐབས་བོད་ཀྱི་ཁམས་སྡེ་དགེ་ཁུལ་དུ་རྒྱ་ནག་གཞུང་གིས་སྐམ་ཐོག་གློག་ཁང་གསར་རྒྱག་ཆེད་བོད་མི་ཚོ་རང་ཡུལ་ནས་གནས་སྤོ་བྱ་དགོས་པའི་བཙན་བཀའ་བཏང་པར་ངོ་རྒོལ་ཞུ་འབོད་བྱེད་མཁན་གྱི་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་བྱས་ཟིན་པ་མ་ཟད་རྡུང་རྡེག་ཀྱང་དྲག་པོ་བཏང་ཡོད་པའི་ཛ་དྲག་གནས་ཚུལ་རིམ་པ་འབྱོར་བཞིན་པའི་དུས་ཡིན་པ་བརྟེན་བོད་ནང་གི་གནས་ཚུལ་དེ་དག་གིས་ཨ་རིའི་ཁྲིམས་འཆར་གཏན་འབེབས་མགྱོགས་མྱུར་ཡོང་རྒྱུར་ཕན་འདོགས་ཡོང་སྲིད་མིན་གྱི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བགྲོ་གླེང་བྱས་པ་ཉན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎