ངག་དབང་བློ་བཟང་ལགས་གློད་བཀྲོལ་བཏང་བ།
2014.06.16

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཀུན་བཟང་བསྟན་འཛིན།
༄༅༎ཉེ་ཆར་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་པ་༡༥ཉིན། དཀར་མཛེས་དར་རྒྱས་དགོན་པའི་དགེ་སློང་ངག་དབང་བློ་བཟང་ལགས་ལོ་གསུམ་གྱི་བཙོན་འཇུག་དུས་བཀག་གི་ལོ་དུས་ཚང་ནས་གློད་བཀྲོལ་བཏང་ཡོད་པ་དང༌། ཁོང་རང་ཁྱིམ་དུ་འབྱོར་སྐབས་ས་གནས་མི་མང་གིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པའི་སྐོར། ཞིབ་ཕྲ་གནས་ཚུལ་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་བཏང་བར་གསན་རོགས༎
གསར་འགོད་པ་པདྨ་དངོས་གྲུབ།