པཎ་ཆེན་རྒྱལ་མཚན་ནོར་བུ་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་ཕེབས་པ།

2021.07.29
པཎ་ཆེན་རྒྱལ་མཚན་ནོར་བུ་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་ཕེབས་པ། རྒྱ་ནག་གིས་པཎ་ཆེན་དུ་བསྐོས་པ་རྒྱལ་མཚན་ནོར་བུ་བོད་ནང་ལྟ་སྐོར་དུ་བསྐྱོད་སྐབས། ༧།༢༠༢༡
བོད་ནས་བཏང་འབྱོར།

རྒྱ་ནག་གི་གཞུང་འཛིན་དམར་ཤོག་ཚོགས་པས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ད་རེས་ཉེ་སྔོན་རྒྱ་ནག་གི་དབྱེ་བའི་ཟི་ཁྲོན་དང་ཀན་སུ་བཅས་ཀྱི་བོད་ཀྱི་ས་ཁུལ་དཀར་མཛེས་དང་རྔ་པ་ས་ཁུལ་གྱི་དགོན་སྡེ་ཁག་ཏུ་ཕེབས་པའི་སྐབས་སུ་ཁོང་གིས་བོད་མི་དགེ་འདུན་པ་དང་མང་ཚོགས་རྣམས་ལ་ཁ་བྲལ་གྱི་ཤོག་ཁག་དང་འགྱངས་ཐག་རིང་དུ་གནས་དགོས་པ་དང་། བོད་མི་ཁོང་རྣམས་ཀྱི་ཆོས་ལུགས་དེ་ཡང་སྤྱི་ཚོགས་རིང་ལུགས་དང་རྒྱ་ནག་གཞུང་གི་ཆ་རྐྱེན་བཏོན་པ་བཞིན་དུ་འགྲོ་དགོས་པའི་སྐོར་བཀའ་སློབ་གནང་ཡོད་པ་དང་། དེ་བཞིན་ད་རེས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བོད་ཀྱི་ཀོང་པོ་ཉིང་ཁྲི་དང་བོད་ཀྱི་རྒྱལ་ས་ལྷ་ས་བཅས་སུ་ཕེབས་པའི་སྐོར་སོགས་ཀྱི་གནས་ཚུལ་གསར་དུ་ཐོན་ཡོད་པ་དང་། གནད་དོན་དེའི་སྐོར་གནད་དོན་དབྱེ་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་སུ་བཅའ་འདྲི་ཞུས་ཏེ་ཚེ་དབང་ནོར་བུ་ལགས་ཀྱིས་ཕྱོགས་བསྒྲིགས་ཞུས་པ་དེ་གསན་རོགས་ཞུ།

གསར་འགོད་པ། ཚེ་དབང་དངོས་གྲུབ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲ་ཐོག་རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎