བཙོན་ཁང་ནང་སྨན་བཅོས་མ་བྱུང་བར་སྐུ་གཟུགས་སྐྱོ་བོ་ཡིན་པ།


2014.03.27
དཀར་མཛེས་ཁུལ་གྱི་རྣམ་པ། དཀར་མཛེས་ཁུལ་གྱི་རྣམ་པ།
པར། བོད་འབྱོར།

བཙོན་ཁང་ནང་སྨན་བཅོས་མ་བྱུང་བར་ཆབ་སྲིད་བཙོན་པ་དཔལ་ལྡན་འཕྲིན་ལས་ལཊ་ཀྱི་སྐུ་གཟུཊ་གནས་སྟངས་སྐྱོ་བོ་ཆགས་ཡོད་པ་རེད་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། ཕྱི་ལོ་༢༠༠༨་ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་གནང་མཁན་དཀར་མཛེས་དགོན་པའི་དགེ་འདུན་པ་དཔལ་ལྡན་འཕྲིན་ལས་ལགས་ཟི་ཁྲོན་ཞིང་ཆེན་གྱི་བཙོན་ཁང་ཞིག་ནང་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གི་བཙོན་ཁང་ནང་སྨན་བཅོས་ཚད་ལྡན་མེད་པ་སོགས་ཀྱི་སྐུ་ངལ་ལས་བྱུང་བ་དང་། སྐུ་ཞབས་དཔལ་ལྡན་འཕྲིན་ལས་ལགས་ཐུག་འཕྲད་བྱུང་བའི་བོད་མི་ཞིག་གིས་བརྗོད་དོན། དཀར་མཛེས་དགོན་པའི་དགེ་འདུན་པ། དཔལ་ལྡན་འཕྲིན་ལས་ལགས་གློ་བུར་ཕོ་བ་ན་བ་དང་། སྐུ་གཟུགས་ཧ་ཅང་སྐྱོ་པོ་ཆགས་ཡོད་ཀྱང་རྒྱ་ནག་གཞུང་གིས་ཁོང་ལ་སྤྱིར་བཏང་གི་སྨན་བཅོས་ཙམ་ལས་ཕྱི་རོལ་གྱི་སྨན་ཁང་ལ་བརྟག་དཔྱད་གནང་བར་ཁྲིད་མི་འདུག མ་ཟད་བཙོན་ཁང་ནས་སྤྱིར་བཏང་སྨན་བཅོས་ཆེད་སྤྲད་པའི་སྨན་ཚང་མ་དུས་ཚོད་ཡོལ་ཚར་བའི་སྨན་ཡིན་སྟབས་སྐུ་གཟུགས་དྲག་སྐྱེད་ཡོང་ཐབས་མེད་པ་རེད་ཅེས་དང་། ད་དུང་བཙོན་ཁང་དེའི་ནང་ཡོད་པའི་བོད་མི་ཁག་ཅིག་གིས་དཔལ་ལྡན་འཕྲིན་ལས་ལགས་བཙོན་ཁང་ཕྱི་རོལ་དུ་སྨན་བཅོས་གནང་བར་ཁྲིད་དགོས་པའི་འབོད་སྐུལ་ཐེངས་མང་ཞུས་ཡོད་ཀྱང་ཡ་ལན་རྩ་བ་ཉིད་ནས་བྱས་མེད་པ་བརྗོད་ཡོད།
ཕྱི་ལོ་༢༠༠༨་ལོའི་ཕྱི་ཟླ་ལྔ་པའི་ཚེས་༡༨ཉིན་དཀར་མཛེས་དགོན་པའི་དགེ་འདུན་པ་དཔལ་ལྡན་འཕྲིན་ལས་ལགས་དང་། བྱམས་པ་རྡོ་རྗེ། ཀུན་དགའ་འཕྲིན་ལས། འཇམ་དབྱངས་ཚེ་རིང་། ཚེ་དབང་མཁས་གྲུབ་བཅས་དགེ་འདུན་པ་ལྔ་ཡིས་དཀར་མཛེས་ཁྲོམ་གཞུང་དུ་རྒྱ་ནག་གཞུང་གི་དམ་དྲག་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་ཡོད་པར་བརྟེན་དགེ་འདུན་པ་དེ་རྣམས་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎