རྒྱ་ནག་གཞུང་གིས་ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྣམས་གང་དུ་ཡོད་མིན་དང་ཁོང་རྣམ་པ་གློད་གྲོལ་དགོས་པའི་སོགས་ཀྱི་དགོས་འདུན་སྟོན་ཏེ་མེའི་སོར་གྲོང་ཁྱེར་ནང་བོད་མི་ཚོས་ཞི་བའི་རྔམ་སྟོན་ཁྲོམས་སྐོར་གྱི་ལས་འགུལ་སྤེལ་གནང་འདུག
ཟླ་བ་འདིའི་ཕྱི་ཚེས་་༡༧་་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་ཀུན་གཟིགས་པན་ཆེན་སྐུ་འཕྲེང་༡༠་པའི་ཡང་སྲིད་སྐུ་འཕྲིན་༡༡་་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྣམས་རྒྱ་ནག་གཞུང་གི་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ལོ་ངོ་༢༩་་འཁོར་བའི་རྗེས་དྲན་གྱི་ཉིན་མོ་དེར་འདི་ག་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་དང་ཧུན་སུར་ཀོ་ལེ་གྷལ་བཅས་ས་གནས་ཁག་གསུམ་གྱི་དབུ་མའི་ལམ་གྱི་བོད་ཀྱི་གཞོན་ནུ་དང་བོད་ཀྱི་བེུད་ལྷན་ཚོགས་བཅས་ལྷན་ཚོགས་ཁག་ཐུན་མོང་གི་གོ་སྒྲིག་འོག་ལྷན་ཚོགས་དེ་དག་ཚོགས་མི་གཙོས་པས་བོད་མི་དང་གཞན་ཡང་བྱེས་ཀྱི་ཆོས་སྡེ་བཀྲིས་ལྷུན་པོའི་དགེ་འདུན་པ་བཅས་ཁྱོན་བོད་མི་སེར་སྐྱ་མི་མང་200་ཡས་སྨད་མཉམ་བཞུགས་ཀྱི་རྒྱ་གར་ལྷོ་ཕྱོགས་མེའི་སོར་གྲོང་ཁྱེར་དུ་ཞི་བའི་རྔམ་སྟོན་གྱི་ཁྲོམས་སྐོར་གྱི་ལས་འགུལ་སྤེལ་གནང་སོང་ལ་ད་ལན་ལས་འགུལ་འདིའི་སྐབས་ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་བའི་རྒྱ་ནག་གཞུང་ལ་དགོས་འདུན་དོན་ཚན་གསུམ་ཅན་གྱི་ཞུ་སྙན་ཞིག་མེའི་སོར་རྫོང་དཔོན་རྒྱུད་རྒྱ་གར་སྲིད་བློན་སྐུ་ཞབས་ན་རན་དྲ་མོ་དྷི་མཆོག་ཕུལ་གནང་གི་ཡོད་པ་རེད་འདུག
་དེའི་སྐོར་ལས་འགུལ་དེ་གོ་སྒྲིག་ཚོགས་ཆུང་ཁོངས་ཀྱི་སྦེ་ལ་ཀོ་པི་དབུ་མའི་ལམ་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཉི་མ་རྒྱལ་པོ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན་ལ་ད་ལན་གྱི་པན་ཆེན་པོ་ཆེ་མཆོག་དང་ཁོང་གི་ཡབ་ཡུལ་སྐུ་འཁོར་དང་བཅས་པ་རྣམས་རྒྱ་གཞུང་ནག་ཉེས་པར་འཛིན་བཟུང་བཙན་འཁྲིད་བྱེད་པ་ལས་གློད་དགོས་རྒྱུར་འདི་ལྟ་བུའི་ལས་འགུལ་མཉམ་བཞུགས་བྱ་རྒྱུར་གནད་འགག་ཆེན་པོ་སྐོར་ལས་འགུལ་འདིའི་ནང་མཉམ་བཞུགས་གནང་མཁན་བོད་མི་སྐྱ་སེར་གཉིས་ཀྱི་དགོང་ས་ཚུལ་གསུང་གནང་བྱུང་།
དེ་མཚུངས་དེ་རིང་མོན་གྷོ་འདོད་རྒུ་གླིང་ས་གནས་བོད་ཀྱི་གཞོན་ནུ་དང་བེུད་ལྷན་ཚོགས་ཟུང་འབྲེལ་གྱི་གོ་སྒྲིག་འོག་གཞིས་ཁུངས་དེའི་ནང་བོད་མི་༨༠་ཙམ་ཞིག་གི་དེ་རིང་ཞོགས་པ་ཆུ་ཚོད་༨་པ་ནས་ཕྱི་དྲོ་ཆུ་ཚོད་༥་་བར་པན་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་བའི་ཟས་བཅད་ངོ་བརྒོལ་ལས་འགུལ་སྤེལ་གནང་ཡོད་པ་རེད་འདུག་་་་དེའི་སྐོར་མོན་གྷོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མིག་དམར་ཚེ་རིང་ལགས་ཀྱི་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན་ལ་་་་གཞིས་རྩའི་ཀུན་གཟིགས་པན་ཆེན་སྐུ་འཕྲེང་་༡༡་་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་ཕྱི་ལོ་༡༩༨༩་་ལོའི་ཟླ་༤་་ཚེས་༢༥་་ཉིན་བོད་ཁམས་ནགས་ཆུ་ལྷ་རི་རྫོངས་དུ་སྐུ་འཁྲུངས་ཤིང་ཁོང་དགུང་ལོ་༦་་ཕེབས་པའི་སྐབས་ཏེ་ཕྱི་ལོ་༡༩༩༥་ཟླ་བ་༥་་པའི་ཚེས་༡༤་་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཁོང་པན་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་བསྐྱངས་པའི་ཉིན་གསུམ་གྱི་རྗེས་ཁོང་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྣམས་རྒྱ་ནག་གཞུང་གི་འཛིན་བཟུང་བཙན་འཁྲིད་བྱེད་ཞིང་གར་སོང་ཆ་མེད་དུ་འགྱུར་ཏེ་ད་ལོ་ལོ་ངོ་༢༩་འགྲོ་ཀྱི་ཡོད་པ་རེད།
གསར་འགོད་པ། པད་མ་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།