ཉག་ཆུ་མེ་སྐྱོན་འོག་མི་དམངས་ལ་མུ་མཐུད་དཀའ་ངལ་འཕྲད་བཞིན་པ།
2024.03.28
ཐེངས་འདིའི་ཕ་ཡུལ་ལེ་ཚན་གྱི་ནང་དུ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་གི་ཤིང་ནགས་ལ་མེ་སྐྱོན་ཤོར་ནས་ཉིན་གྲངས་བཅུ་ལྷག་གི་རྗེས། ས་གནས་སུ་ཆར་པ་བབས་ནས་ད་ཆ་མེ་ཕལ་ཆེར་བསད་ཚར་ཡོད་ནའང་། མི་དམངས་ཀྱི་ཁང་པ་དང་རླངས་འཁོར་སོགས་མེས་ཚིག་ནས་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཐེབས་པའི་ཁར། དཀའ་ངལ་འཕྲད་པའི་མི་དམངས་རྣམས་ད་དུང་མུ་མཐུད་ཕྲལ་སེལ་གྱི་གུར་ནང་སྡད་ཡོད་པ་དང་། མ་འོངས་བཀོད་སྒྲིག་ཅི་བྱེད་སོགས་མི་དམངས་ནང་ཤེས་རྟོགས་གང་ཡང་མེད་པ་སོགས་ཀྱི་སྐོར་ལ། བསོད་ནམས་ལྷ་མོས་གནས་ཚུལ་ཕྱོགས་བསྡུས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།