བོད་ནང་བོད་མི་ཚོས་རྒྱ་ནག་གྲོང་ཁྱེར་ཧྲང་ཧེ་ནས་བོད་ནང་ཏོག་དབྱིབས་རིམས་ནད་འཁྱེར་ཡོང་སྲིད་པའི་བློ་འཚབ་བྱེད་བཞིན་པ།
2022.05.04
དེང་སྐབས་བོད་ནང་དུ་དབྱར་རྩ་དགུན་འབུ་བརྐོ་རན་གྱི་ཡོད་པ་དང་བསྟུན། རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཤུགས་ཆེ་འགྲོ་བཞིན་པའི་ཧྲང་ཧེ་གྲོང་ཁྱེར་སོགས་སུ་ཞོར་ལས་ལ་འགྲོ་མཁན་བོད་མི་མང་པོ་ཞིག་རང་རང་གི་ཕ་ཡུལ་ལ་དབྱར་རྩ་བརྐོ་བར་ལོག་ཡོང་གི་ཡོད་པ་ཚོར་ཏོག་དབྱིབས་རིམས་ནད་འགོས་ཡོད་མེད་ཀྱི་བརྟག་དཔྱད་དང་ཟུར་བཀག་སོགས་བྱེད་ཀྱི་མེད་སྟབས། བོད་ནང་ཏོག་དབྱིབས་རིམས་ནད་འཁྱེར་ཡོང་རྒྱུར་བློ་འཚབ་བྱེད་ཀྱི་ཡོད་པའི་སྐོར་ས་གནས་བོད་མི་ཚོས་འགྲེལ་བརྗོད་གནང་བའི་གནས་ཚུལ་བསོད་ནམས་ལྷ་མོ་ལགས་ཀྱིས་ཕྱོགས་བསྡུས་ཞུས་པར་གསན་རོགས།།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་འགན་འཛིན། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག