བོད་ནང་གི་གནས་ཚུལ་མཁོ་གྲུབ་གནང་བ།


2015.02.04
ལྷ་སར་དམ་དྲག་གི་རྣམ་པ། ༢༠༡༥།༡ ལྷ་སར་དམ་དྲག་གི་རྣམ་པ། ༢༠༡༥།༡
བོད་འབྱོར།

༄༅།    །ཐེངས་འདིའི་ཁ་བའི་གྲོས་རྭ་ཞེས་པའི་ལེ་ཚན་འདིའི་ནང་།   འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་བོད་ནང་གི་གནས་ཚུལ་ཐོག་ལ་དོ་སྣང་དང་མཁོ་གྲུབ་བྱེད་ཡག་ཐོག་ལ་གཙོ་བོའི་ཁ་ཕྱོགས་བཟུང་ནས་འབད་བརྩོན་བྱེད་བཞིན་ཡོད། ཡིན་ནའང་རྒྱ་ནག་གཞུང་གིས་དམ་དྲག་འོག བོད་ནང་ནས་གནས་ཚུལ་གསལ་པོ་དང་སྐབས་ཐོག་རག་རྒྱུར་དཀའ་ངལ་ཆེན་པོ་ཡོད་ནའང་བོད་ནང་གི་བོད་མིའི་ཚོའི་སེམས་ཤུགས་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འབད་བརྩོན་བཅས་ལ་བརྟེན་ནས་བོད་ནང་གི་གནས་ཚུལ་མི་ཉུང་བ་ཞིག་མཁོ་་གྲུབ་བྱེད་ཐུབ་གྱི་ཡོད་པ་རེད་། དེར་བརྟེན་ཉེ་བའི་དུས་ཡུན་ནང་ང་ཚོ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བོད་སྐད་སྡེ་ཚན་གྱི་བོད་ནས་གལ་ཆེ་བའི་གནས་ཚུལ་ཇི་ཙམ་མཁོ་་གྲུབ་བྱེད་ཐུབ་ཡོད་མེད་དང་གལ་ཆེ་བའི་གནས་ཚུལ་གང་དང་གང་ཞིག་བྱུང་ཡོད་མེད་སོགས་ཀྱི་སྐོར་ལ་ང་ཚོ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་ཀརྨ་རྡོ་རྗེ་ལགས་སུ་བཅའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།།


གསར་འགོད་པ་བློ་བཟང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎