བོད་མཐོ་སྒང་གི་ཁོར་ཡུག་འགྱུར་ལྡོག་གིས་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་བྱུང་གི་ཡོད་པ།
2024.03.19
རྒྱ་ནག་གཞུང་གིས་བོད་ནང་ཆུ་རགས་རྒྱབ་པ་སོགས་ཀྱི་ལས་གཞི་འདྲ་མིན་སྤེལ་དང་སྤེལ་བཞིན་པའི་རྐྱེན་གྱིས་བོད་ནང་གི་བོད་མི་ཚོར་ཤུགས་རྐྱེན་ཐེབས་ཡོད་པ་མ་ཟད་བོད་མཐོ་སྒང་གི་ཁོར་ཡུག་འགྱུར་ལྡོག་གིས་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་བྱུང་གི་ཡོད་པ་དང་། གཡས་གཡོན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་སྐོར་སོགས་བོད་མཐོ་སྒང་གི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་ཉམས་ཞིབ་གནང་མཁན་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་སུ་གསར་འགོད་པ་སྒྲོལ་མ་ལྷ་མོ་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།