བོད་ལ་ཞི་བའི་བཅིངས་གྲོལ་བཏང་བའི་ཉིན་མོ་ཞེས་པ་སྲུང་བརྩི།
ཐེངས་འདིའི་ཕ་ཡུལ་ལེ་ཚན་གྱི་ནང་དུ།རྒྱ་ནག་གིས་སྤྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་སུ་བཙན་འཛུལ་བྱས་པའི་རྗེས་ནས། རིམ་པས་ལོ་ལྟར་སྤྱི་ཟླ་ ༣ ཚེས་ ༢༨ ཉིན་ནི་བོད་ལ་ཞི་བའི་བཅིངས་གྲོལ་བཏང་བའི་ཉིན་མོའམ། དམངས་གཙོ་བཅོས་བསྒྱུར་ཟེར་བ་བྱས་པའི་ཉིན་མོར་སྲུང་རྩིས་བྱེད་བཞིན་ཡོད་པ་ལྟར། འདི་ལོ་ཡང་ཉིན་དེར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་༦༥འཁོར་བར་དྲན་གསོ་ཞུ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཟེར་བ་ཞིག་འཚོགས་ནས། དམངས་གཙོའི་བཅོས་བསྒྱུར་བྱས་ནས་བོད་ལ་སྐྱིད་པའི་ཉི་མ་ཤར་ཡོད་ལུགས་སོགས་ཀྱི་དྲིལ་བསྒྲགས་བྱས་ཡོད་པ་རེད། ཡིན་ནའང་གནད་དོན་དབྱེ་ཞིབ་པ་རྣམས་ཀྱིས། རྒྱ་ནག་གཞུང་གིས་ཞི་བའི་བཅིངས་འགྲོལ་དང་དམངས་གཙོའི་བཅོས་བསྒྱུར་སོགས་ཐ་སྙད་ཡག་པོ་ག་ཚོད་བེད་སྤྱོད་བྱས་ཀྱང་། དོན་དངོས་སུ་བོད་ནང་ལག་ལེན་དུ་བསྟར་བཞིན་པ་ནི་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་རྐྱང་རྐྱང་རེད་ཅེས་དཔྱད་བརྗོད་གནང་ཡོད་པའི་སྐོར་ལ། བསོད་ནམས་ལྷ་མོས་གནས་ཚུལ་ཕྱོགས་བསྡུས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།