རྒྱ་ནག་ཏུ་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་པ་སོགས་ལྷ་སར་གཟིགས་སྐོར་དུ་འཁྲིད་པ།
2023.05.24
རྒྱ་ནག་གཞུང་གིས་ས་ག་ཟླ་བའི་སྐབས་རྒྱ་ནག་ནང་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོ་དང་གཞུང་ཚབ་པའི་སྐུ་ཚབ། རྒྱ་མི་སྐུ་མགྲོན་རྣམས་ལྷ་སའི་བར་སྐོར་དང་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་ལ་གཟིགས་སྐོར་དུ་ཁྲིད་དེ་བོད་ནང་ཆོས་དད་རང་དབང་སོགས་ཡོད་ཚུལ་དྲིལ་བསྒྲགས་བྱས་ཀྱང་བོད་ནང་གི་བོད་མིས་ས་ག་ཟླ་བའི་སྐབས་རྒྱ་མི་ཡུལ་སྐོར་བ་འཕོན་ཆེ་མཐོང་རྒྱུ་ཡོད་པ་ལས་བོད་མི་ལས་བྱེད་པ་དང་སློབ་ཕྲུག་སྐོར་བར་འགྲོ་མཁན་མཐོང་རྒྱུ་མེད་པའི་གནས་སྟངས་ངོ་སྤྲོད་གནང་བ་དང་། གཞན་ཡང་རྒྱ་ནག་དང་བོད་ཀྱི་གནད་དོན་དབྱེ་ཞིབ་པས་དེའི་སྐོར་གཟིགས་ཚུལ་ངོ་སྤྲོད་གནང་སྐོར་གཡུ་སྒྲོན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།