བླ་རུང་ཆོས་སྒར་གཏོར་བཤིག་གི་ལས་འགུལ་དེ་དག་གི་དམིགས་ཡུལ།
2017.03.31
ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་ནང་དུ། བླ་རུང་ཆོས་སྒར་གྱི་གྲྭ་བཙུན་ཕྱིར་ཕུད་དང་གྲྭ་ཤག་གཏོར་བཤིག་གི་ལས་འགུལ་དང་འབྲེལ་ནས། སྤྱིར་ན་རྒྱ་ནག་གཞུང་གི་བོད་ཐད་ཀྱི་སྲིད་ཇུས་དང་། ནང་སྒོས་སུ་བོད་ཀྱི་དགོན་པ་དང་གྲྭ་བཙུན་བཏང་འཛིན་ལ་དམིགས་པའི་སྲིད་ཇུས་ཀྱི་རིགས། དེ་བཞིན་སྲིད་ཇུས་དང་ལས་འགུལ་དེ་དག་གི་བརྒྱབ་ན་ཡོད་པའི་མི་མངོན་པའི་དམིགས་ཡུལ་བཅས་ཀྱི་ཐད་འབྲེལ་ཡོད་ཆེད་མཁས་པ་དང་མཉམ་དུ་བགྲོ་གླེང་གནང་རྒྱུ་ཡིན།
གདན་ཞུ་སྐུ་མགྲོན།
ཨ་མེ་རི་ཀར་ཡོད་པའི་ནུབ་ཕྱོགས་སྐུ་འབུམ་བྱམས་བརྩེ་གླིང་གི་དགོན་བདག་དང་བོད་སོག་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་གཅིག་ལྕོགས་སྐྱབས་རྗེ་ཨཀྱཱ་རིན་པོ་ཆེ་མཆོག་དང་། ད་ལྟ་ཡོ་རོབ་སི་པན་དུ་བཞུགས་པའི་བཙན་བྱོལ་བོད་མའི་སྒྲིག་འཛུགས་ཕྱི་འབྲེལ་ལས་ཁུངས་རྒྱ་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་ཟུར་བ་སངས་རྒྱས་སྐྱབས་ལགས་དང་། ད་ལྟ་ཨ་རི་ན་ཡོད་པའི་བོད་རིགས་ཁྲིམས་ལུགས་ཆེད་མཁས་པ་སྐུ་ཞབས་སྒྲོལ་མ་ཞབས་ལགས་བཅས་གདན་འདྲེན་ཞུས་ཡོད།