གསེར་རྟ་བླ་རུང་ཆོས་སྒར་གྱི་གནས་སྟངས་དང་བླ་རུང་ཆོས་སྒར་སྲུང་སྐྱོབ་ཀྱི་ལས་འགུལ།


2016.10.21
བླ་རུང་སྒར་ནི་ཤམ་བྷ་ལ་མ་རེད། གསེར་རྟ་བླ་རུང་ཆོས་སྒར།
འོད་ཟེར་ལགས།

ད་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་བོད་ནང་ཡོད་པའི་ནང་ཆོས་སློབ་གཉེར་གནང་ཡུལ་ཆེ་ཤོས་སུ་གྱུར་བའི་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་རྒྱ་ནག་གཞུང་གིས་ཉེ་བའི་དུས་ཚོད་ནང་གྲ་བཙུན་ཉུང་རུ་བཏང་བ་དང་གྲ་ཤག་གཏོར་བ་སོགས་ཆོས་དད་རང་མོས་ལ་རྩིས་མེད་བཏང་བའི་བྱ་སྤྱོད་མང་དག་ཅིག་བརྩམས་ཡོད་པས་ད་རེས་རྒྱལ་སྤྱིའི་ཡུལ་གྲུ་མང་པོའི་ནང་དུས་གཅིག་ཏུ་བླ་རུང་སྒར་ལ་གཏོར་བཤིག་བཏང་བ་དེར་སེམས་འཚབ་ཐོག་ནས་ལས་འགུལ་ཁག་ཅིག་སྤེལ་བའི་སྐོར་དང་།  བླ་རུང་སྒར་ལ་སློབ་སྦྱོང་དུ་སྐྱོད་མྱོང་མཁན་ལ་བཀའ་མོལ་ཞུས་པ་བཅས་ཀྱི་འབྲེལ་ཡོད་གནས་ཚུལ་ཞིག་གསན་རོགས་གནང་།

གསར་འགོད་པ་སྒྲོལ་དཀར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎