ཁ་རྩོད་ཤུགས་ཆེ་ཡོང་བཞིན་པ་རེད་འདུག


2013.10.18
བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར། ལྷ་ས་
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱལ་སྤྱིའི་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་གསར་འཛུགས་བྱེད་རྒྱུའི་གནད་དོན་ཐད་རྒྱ་ནག་གཞུང་གི་ཕྱོགས་གཏོགས་དང་། བོད་མིའི་རང་དབང་ལས་འགུལ་བ་ཚོའི་དབར་ཁ་རྩོད་ཤུགས་ཆེ་ཡོང་བཞིན་པ་རེད་འདུག

དེ་ཡང་ཉེ་བའི་ནང་བོད་ནང་གི་བོད་མིས་བོད་དོན་ཆེད་རང་ལུས་མེར་སྲེག་བཏང་བའི་བྱ་ཐབས་སྤྱད་དེ། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་ཤུགས་ཆེ་གནང་བ་དང་། དེ་བཞིན་བོད་ཕྱི་གནང་གཉིས་ཀྱི་བོད་མི་ཚོས་རྒྱུན་ཆད་མེད་པར་རྒྱ་ནག་གིས་བོད་མིར་དྲག་གནོན་དང་། བོད་ཀྱི་རང་བྱུང་ཐོན་ཁུངས་འཕྲོག་བཅོམ་བྱེད་པའི་སྲིད་ཇུས་ལ་ངོ་རྒོལ་གནང་བ་སོགས་ཀྱི་རྐྱེན་པས། ད་ཆ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པ་ཚོ་དང་། གསར་འགྱུར་བརྒྱུད་ལམ་ཁག་གིས་། རྒྱ་ནག་གཞུང་གིས་རྒྱུན་དུ་ཕྱི་ཕྱོགས་སུ་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ། བོད་ནང་གི་བོད་མིར་རང་སྐྱོང་གི་ཐོབ་ཐང་ཡོངས་སུ་རྫོགས་པ་ཡོད་པའི་ཤོད་སྟངས་དེའི་ཐོག་དོགས་གཞི་ཆེན་པོ་ཡོང་བཞིན་ཡོད་པ་དང་། ད་ཆ་རྒྱ་ནག་གཞུང་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱལ་སྤྱིའི་རྒྱས་སྤྲོས་ཆེ་བའི་མགྲོན་ཁང་གསར་འཛུགས་བྱེད་རྒྱུའི་གནས་ཚུལ་ཐད་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཚོས། བོད་འདི་རྒྱ་ནག་གི་དབང་སྒྱུར་འོག་གནས་ཤིང་། བོད་མིར་རང་དབང་ཐོབ་ཐང་གང་ཡང་མེད་པའི་གནས་སྟངས་ཁྲོད། ཕྱི་རྒྱལ་གྱི་འབྲེལ་ཡོད་མགྲོན་ཁང་བདག་པོ་ཚོས་རྒྱ་ནག་དང་ལྷན་དུ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དེ་འདྲའི་རྒྱས་སྤྲོས་ཆེ་བའི་མགྲོན་ཁང་འཛུགས་མི་རུང་བ་དང་། དེ་འདྲ་བྱས་ན་བོད་ཀྱི་དངོས་ཡོད་གནས་སྟངས་དང་མི་འཚམས་པ་ཞིག་ཡིན་པའི་སྐྱོན་འཛུགས་དང་། ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།

ཡང་དེའི་རྐྱེན་པས་། ད་ཆ་རྒྱ་ནག་གི་ཕྱོགས་གཏོགས་དང་། བོད་མིའི་རང་དབང་ལས་འགུལ་བ་ཚོའི་དབར་ཁ་རྩོད་ཤུགས་ཆེ་ཡོང་བཞིན་ཡོད་པ་དང་། བོད་ཀྱི་གནད་དོན་དེ་བཞིན་མི་ཚོའི་དོ་སྣང་བྱེད་ཡུལ་ཆེན་པོ་ཞིག་ཆགས་བཞིན་ཡོད་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎