བོད་མིའི་གནས་སྡོད་གྲོང་ཁྱེར་ཁག་ཏུ་རྒྱ་མི་ཇེ་མང་འགྲོ་བཞིན་པ།
2023.02.01
ཁ་བའི་གྲོས་རྭའི་ལེ་ཚན་ནང་། བོད་མིའི་གནས་སྡོད་གྲོང་ཁྱེར་ཁག་ཏུ་རྒྱ་མི་ཇེ་མང་འགྲོ་བཞིན་འདུག་པ་བོད་མི་དང་ས་གནས་སུ་ཕེབས་མཁན་ནས་སེམས་ཚབས་ཀྱིས་བརྗོད་ཀྱི་ཡོད་པ་བཞིན། ད་རེས་ལེ་ཚན་འདིའི་ནང་བོད་རང་སྐྱོང་ལྗོངས་ནང་རྒྱ་གཞུང་གིས་༢༠༢༡ལོར་བཏོན་པའི་གྲངས་ཐོ་དང་དེ་སྔོན་༢༠༡༠ལོའི་གཞུང་གི་གྲངས་ཐོ་ཡོད་པ་དང་བསྡུར་ནས་བརྒྱ་ཆའི་ཆགས་ནས་བོད་མི་ཇེ་ཉུང་དང་། རྒྱ་མི་ཇེ་མང་འགྲོ་བཞིན་འདུག་པ་ཡང་མངོན་གྱི་ཡོད་པས་དེའི་རྒྱུ་རྐྱེན་སློབ་གསོ་དང་། དཔལ་འབྱོར། ཆབ་སྲིད་བཅས་ཀྱི་ཕྱོགས་ཡོངས་ཀྱི་གནད་དོན་ལ་ལྟ་ཞིབ་ཀྱིས་སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་ཕྱིང་གུར་བ་རྒྱལ་ལོ་དང་ཆོས་སྐྱིད་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། ཆོས་སྐྱིད།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།