སྒོ་ཤེས་རབ་ལགས་སྔ་གཞུག་ཐེངས་གསུམ་ལ་འཛིན་བཟུང་བྱས་པ།
2021.04.14
ཧོང་ཀོང་གི་སྤྱི་ཚོགས་ལས་འགུལ་བ་སྐུ་ཞབས་ཀུ་སི་ཡོ་ལགས་ལ་ཁྲིམས་འགལ་འདུ་འཛོམས་བྱས་ལུགས་བསྙད་ནས་ཐེངས་བཅུ་གཅིག་པར་བཙོན་ལ་བཅུགས་ཡོད་པ་བཞིན། བོད་ནང་དུའང་བོད་མི་མང་པོར་ཐེངས་གཅིག་མིན་གཉིས་བཙོན་ལ་བཅུགས་ཡོད་པ་དང་། གསར་ཤོས་དེ་ནི་ཉེ་ལམ་བོད་ལྗོངས་བདེ་འཇགས་མི་སྣས་གསང་བའི་སྒོ་ནས་འཛིན་བཟུང་བཀག་ཉར་བྱས་པའི་སྒོ་ཤེས་རབ་ལགས་སྔ་གཞུག་ཐེངས་གསུམ་ལ་འཛིན་བཟུང་བྱས་པ་རེད། གོང་ཞུས་གནད་དོན་དེ་དང་འབྲེལ་ནས་སྟག་ལྷ་རྒྱལ་གྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་རྒྱང་སྲིང་བྱས་པ།