བོད་ནང་གི་རྒྱ་ཆེའི་མི་མང་ཚོའི་མངོན་འདོད་དང་དགོས་འདུན་གཙོ་བོ་གང་ཡིན་མིན་སྐོར་གླེང་བ།
2023.10.05
ཕྱི་ལོ་ ༡༩༨༧ ནས་ འགོ་འཛུགས་ཀྱིས་ཕྱི་ལོ་ ༡༩༨༩ བར་བོད་ཀྱི་རྒྱལ་ས་ལྷ་སར་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་རྣམ་པས་སྣེ་ཁྲིད་དེ་སྐྱ་སེར་ཕོ་མོ་ཚོས་རྒྱ་ནག་དམར་ཤོག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཆེན་པོའི་རིགས་སྤེལ་ཡོད་ཅིང་། སྐབས་དེ་དུས་བོད་ནང་གི་རྒྱ་ཆེའི་མི་མང་ཚོའི་སེམས་ཤུགས་དང་བསམ་བློ་བཏང་ཕྱོགས། ལས་འགུལ་དེ་འདྲའི་རིགས་སྤེལ་དགོས་པའི་མངོན་འདོད་དང་དགོས་འདུན་གཙོ་བོ་གང་ཡིན་མིན་གྱི་ཐད། ༡༩༨༨ ལོའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་པོའི་སྐབས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ནང་དངོས་སུ་མཉམ་ཞུགས་གནང་མཁན་དགའ་ལྡན་ཚོགས་ཆེན་དབུ་འཛིན་ཟུར་པ་དགེ་བཤེས་ནོར་བཟང་ལགས་སུ་མཁའ་འགྲོ་གཡང་འཛོམས་ལགས་ནས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། ལྷུན་གྲུབ་ཚེ་རིང་།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག