བོད་ནང་རྒྱ་གཞུང་གིས་དོ་དམ་དང་དམག་དཔུང་འགྲེམས་འཇོག

ལོ་ལྟར་ཕྱི་ཟླ་ ༣ པ་འདི་བཞིན་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་ཆབ་སྲིད་ཀྱི་གནད་འགག་ཡོད་པའི་ས་ཚིགས་མང་པོར་རྒྱ་ནག་གཞུང་གིས་དོ་དམ་དང་དམག་དཔུང་འགྲེམས་འཇོག་ནན་པོ་བྱེད་བཞིན་པ།

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གི་དཔུང་དམག་འགྲེམས་འཇོག།༢༠༢༠།༡༠།༡༥ རོཡི་ཊརས།

༄༅།།ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་ལོ་ལྟར་ཕྱི་ཟླ་ ༣ པ་འདི་བཞིན་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་ཆབ་སྲིད་ཀྱི་གནད་འགག་ཡོད་པའི་ས་ཚིགས་མང་པོར་རྒྱ་ནག་གཞུང་གིས་དོ་དམ་དང་དམག་དཔུང་འགྲེམས་འཇོག་ནན་པོ་བྱེད་བཞིན་པའི་དུས་ཚིགས་ཤིག་འཁེལ་ཡོད་ཅིང་། དུས་ཡུན་འདི་ནི་ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་བསུན་བཙེར་ཆེ་བའི་དུས་སྐབས་ཤིག་ཏུ་གྱུར་ཡོད་པ་རེད། གཤམ་ལ་དེ་རིང་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ནང་དུ་ངོ་རྒོལ་ནང་ཞུགས་པའི་སྐབས་ཀྱི་དངོས་མྱོང་ལོ་རྒྱུས་དང་འབྲེལ་ནས་བོད་ནང་དུ་དུས་དྲན་ལ་ལྟ་ཕྱོགས་ཐད་ཨོས་ཊེ་ལི་ཡར་གནས་བཞུགས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཡེ་ཤེ་རྟོགས་ལྡན་ལགས་དང་ལྷན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org