བོད་ནང་གི་གྲོང་སྡེ་དང་གྲོང་གསེབ་བདག་སྐྱོང་གི་ལས་འགུལ།
2022.02.10
ཐེངས་འདིའི་ཕ་ཡུལ་ལེ་ཚན་གྱི་ནང་དུ། ཧྥ་རན་སི་གཙོས་ཡུ་རོབ་རྒྱལ་ཁབ་ཁག་གི་གྲོང་སྡེ་༧༦ལྷག་ཏུ་Town Adoption Campaign ཞེས་བོད་ནང་གི་གྲོང་སྡེ་དང་གྲོང་གསེབ་བདག་སྐྱོང་གི་ལས་འགུལ་སྤེལ་བཞིན་པ་དེ་བོད་མི་གནས་ཡུལ་ཕྱིའི་རྒྱལ་ཁབ་ཚང་མའི་ནང་རྒྱ་སྐྱེད་གཏོང་ཐབས་གནང་གི་ཡོད་པའི་སྐོར་ལ་བསོད་ནམས་ལྷ་མོ་ལགས་དང་དབྱངས་སྒྲོལ་ལགས་ཀྱིས་འབྲེལ་ཡོད་མི་སྣར་གནས་ཚུལ་བཅར་འདྲི་དང་ཕྱོགས་བསྒྲིགས་ཞུས་པར་གསན་རོགས།
གསར་འགོད་པ། བསོད་ནམས་ལྷ་མོ། དབྱངས་སྒྲོལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།