བོད་རྒྱའི་མཁས་པ་སྐུ་ཞབས་Elliot Sperlingལ་བཅར་འདྲི་ཞུས་པའི་དུམ་བུ་དགུ་པ།
2017.05.26
དེ་རིང་གི་འོད་ཟེར་གྱི་གླེང་སྟེགས་ཞུ་བའི་ལེ་ཚན་ནང་འགོ་བརྗོད་དུ་བོད་རྒྱའི་མཁས་པ་སྐུ་ཞབས་Elliot Sperlingལ་བཅའ་འདྲི་ཞུས་པ་ཞེས་པའི་རྩོམ་ཡིག་འདིའི་ནང་ཉེ་ཆར་སྐུ་ཚེ་མ་ཟིན་པའི་བོད་རིག་པའི་མཁས་དབང་སྐུ་ཞབས་Elliot Sperlingཁོང་གིས་བོད་ལ་དོ་སྣང་ཇི་ལྟར་བྱུང་སྟངས་དང་ལོ་རྒྱུས་ཐོག་བོད་དང་རྒྱ་ནག་གི་འབྲེལ་བ། བོད་དང་སོག་པོ། མན་ཇུའི་འབྲེལ་བ། རྒྱ་ནག་གི་བོད་རིག་པའི་ཞིབ་འཇུག བཙན་བྱོལ་བོད་མིའི་རང་དབང་སོགས་བརྗོད་གཞི་ཁག་གི་ཐོག་འོད་ཟེར་ལགས་ཀྱིས་བྲིས་གནང་བའི་རྩོམ་ཡིག་འདི་སྒྲོལ་དཀར་ལགས་ནས་ཕབ་བསྒྱུར་དང་སྙན་སྒྲོན་གནང་གི་རེད།