གོ་ལའི་ཚ་དྲོད་འགྱུར་ལྡོག་གི་ཤུགས་རྐྱེན།
2019.01.19
༄༅༎དེ་རིང་གི་བོད་ཀྱི་ཁོར་ཡུག་ཟེར་བའི་ལེ་ཚན་ནང་གོ་ལའི་ཚ་དྲོད་འགྱུར་ལྡོག་གི་ཤུགས་རྐྱེན་འོག་མཐོ་སྒང་བོད་ནང་གནས་བཞིན་པའི་བོད་མི་དང་བལ་ཡུལ་གྱི་ནུབ་བརྒྱུད་ཀྱི་གྲོང་གསེབ་ཁག་ཏུ་གནས་བཞིན་པའི་ཡུལ་མི་རྣམས་བཅས་ཀྱི་འཚོ་གནས་ལ་གནོད་སྐྱོན་ཕོག་བཞིན་ཡིན་པ་མ་ཟད། གཞུང་ལམ་དང་འཛུགས་བསྐྲུན་གྱི་ལས་གཞི་ཁག་གིས་དེ་བས་ཉེན་ཚབས་ཆེ་རུ་གཏོང་བཞིན་ཡོད་པའི་སྐོར། ད་རེས་འཛམ་གླིང་གི་སྣེ་གསུམ་པ་ཟེར་བའི་ཁོར་ཡུག་ཚན་པའི་དུས་དེབ་ནང་བལ་ཡུལ་ནང་གི་ལས་འཆར་འགན་འཛིན་དང་ཁོར་ཡུག་སྐོར་གྱི་གསར་འགོད་པ་སྐུ་ཞབས་Ramesh Bhushal ལགས་ཟེར་བས་རྩོམ་བྲིས་སྤེལ་བ་དང་དེ་དང་འབྲེལ། བོད་ཀྱི་ཁོར་ཡུག་ཉམ་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་སུ་བོད་ནང་ལ་ཤུགས་རྐྱེན་ག་འདྲ་འཕྲད་བཞིན་ཡིན་པའི་སྐོར། ཚེ་དབང་ནོར་བུས་བཅར་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་ཚེ་དབང་ནོར་བུ།