མགོ་ལོག་རྨ་སྟོད་རྫོང་དུ་ས་ཡོམ་བརྒྱབས་པ།
2021.05.25
༄༅།།མགོ་ལོག་རྨ་སྟོད་རྫོང་དུ་བརྒྱབས་པའི་ས་ཡོམ་ཁྲོད་ད་བར་དུ་མི་བཅུ་བདུན་ལ་རྨས་སྐྱོན་ཕོག་པ་ལས་མི་ཤི་བའི་གནས་ཚུལ་ཐོན་མེད་པ་དང་། འབྲོག་པའི་སྡོད་ཁང་བརྡིབས་པ་དང་ཕྱུགས་ཟོག་ཤི་བ་སོགས་དཔལ་འབྱོར་གྱི་གྱོང་གུད་བྱུང་ཡོད་པ་རེད། གཞན་རྨ་སྟོད་རྫོང་དང་ས་འབྲེལ་ཆགས་པའི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཆུ་ཁོལ་ཡུལ་ཚོའི་འབྲོག་པའི་སྡོད་ཁང་དང་སློབ་གྲྭའི་ཁང་པར་གནོན་འཚེ་ཕོག་ཡོད་པའི་སྐོར་སྟག་ལྷ་རྒྱལ་གྱི་གནས་ཚུལ་ཕྱོགས་སྒྲིག་དང་རྒྱང་སྲིང་བྱས་པར་གསན་རོགས་གནོངས།།
གསར་འགོད་པ་སྟག་ལྷ་རྒྱལ།