ཚུལ་ཁྲིམས་སྙན་གྲགས་ལྷ་ས་ནས་འཛིན་བཟུང༌།
2014.02.01

བོད་ནས་བཏང་བ།
༄༅༎འབྲི་རུ་རབ་བརྟན་དགོན་པའི་དགེ་འདུན་པ་ཞིག་ཉེ་ཆར་ལྷ་ས་ནས་འཛིན་བཟུང་གིས་ད་ལྟའི་ཆར་གར་ཡོད་ཤེས་རྟོགས་མེད་པ་དང་། དེ་མིན་ནགས་ལྷ་འཛམ་བྷ་གཏེར་ཁ་བསྔོག་འདོན་སྐབས་ངོ་རྒོལ་བྱེད་མཁན་ན་གཞོན་ཞིག་རྒྱ་མིས་བཙོན་ཁང་ནང་ཉེས་རྡུང་བཏང་བའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་པ་སོགས་ཀྱི་གནས་ཚུལ་སྐོར། རིག་ལྡན་སྒྲོལ་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎