བོད་ནང་སྔོན་མར་རིམས་ནད་འདྲ་མིན་གང་བྱུང་དང་། དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་གང་གནང་ཡོད་མེད།

ད་ལྟའི་ཆར་བོད་ནང་ཏོག་དབྱིབས་ནད་ཡམས་ག་ས་ག་ལ་ཁྱབ་གདལ་ཕྱིིན་ནས་བོད་མི་མང་པོར་དཀའ་ངལ་འདྲ་མིན་འཕྲད་བཞིན་པའི་གནས་སྟངས་ཡིན་ཞིང་། དེ་རིང་ང་ཚོའི་ཁ་བའི་གྲོས་རྭའི་ལེ་ཚན་ནང་། ང་ཚོས་བོད་ཀྱི་ལོ་རྒྱུས་ལ་ཕྱིར་བལྟས་ཀྱིས་བོད་ནང་སྔོན་མར་རིམས་ནད་འདྲ་མིན་གང་བྱུང་དང་། དཀའ་ངལ་སེལ་ཐབས་གང་བྱས་པ། དེ་བཞིན་ད་ལྟའི་ཆར་གྱི་ཏོིག་དབྱིབས་ནད་ཡམས་ཀྱི་རིམས་ནད་འདིར་ང་ཚོས་གདོང་ལེན་གང་འདྲ་དགོས་པ་བཅས་ཀྱི་ཐད་ཆེད་མཁས་སྨན་པ་ཁག་ཅིག་དང་ལྷན་དུ་ཆོས་སྐྱིད་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།
སྐུ་མགྲོན་གསུམ་ནི།
དཔལ་སྤུངས་ཤེས་རབ་གླིང་གི་སློབ་སྤྱི། ཏོག་དབྱིབས་གཉན་རིགས་༡༩་ཐོག་ཐུགས་སྣང་གིས་ཕྱག་དེབ་བརྩམས་གནང་མཁན་སྨན་རྩིས་ཁམས་དབང་ ཨེ་པ་བསོད་ནམས་རིན་ཆེན་ལགས།
Varanasi སྨན་གྱི་ལོ་རྒྱུས་ལ་མཁས་པ་སློབ་དཔོན་རག་རྡོ་བློ་བཟང་བསྟན་འཛིན་ལགས།
བོད་ནང་ཏོག་དབྱིབས་གནས་སྟངས་ཐོག་ཐུགས་སྣང་གནང་མཁན་སྨན་རམས་པ་གཡང་འབུམ་རྒྱལ་ལགས།
གསར་འགོད་པ། ཆོས་སྐྱིད།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག